- 放大
- 缩小
- 默认
༄༅།།གནམ་ལ་གསར་པ་གཡང་རྟའི་རྨིག་སྒྲས་བསུ།། རྒྱལ་ཁམས་བད་ཞིང་དམངས་རྣམས་སྐྱིད་པར་ཤོག།
《 海南报-藏文 》( 2026年03月04日 第 04 版 )












རྒྱ་ལོའི་ཚེས11ཉིན། 2026ལོའི་རང་ཁུལ་གྱི་ལོ་གསར་སྐབས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཕྲེང་བསྟར་བྱ་འགུལ་སྤེལ་ལ། རྫོང་ལྔའི་འཁྲབ་སྟོན་རུ་ཁག་བརྒྱད་འདུས་པ་དང་དེའི་ནང་གླུ་གར་དང་།གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན། ཁྱད་ཆོས་ལྡན་པའི་དམངས་སྲོལ་འགྲེམ་སྟོན་སོགས་ངོ་མཚར་བའི་ཆེད་སྒྲིག་འཁྲབ་སྟོན་རེ་རེས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་རིག་གནས་ཀྱི་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས་ལ། དགའ་སྤྲོའི་འཆམ་མཐུན་གྱི་སྐྱིད་སྣང་ཁྲོད་སྤྲོ་སེམས་འཁོལ་བ་དང་།བརྩེ་སེམས་ཀྱིས་ཁེངས་པའི་ལོ་གསར་སྐྱིད་པོ་ཞིག་རོལ་བ་རེད། གསར་འགོད་པ།བཀྲ་དོན།