无标题
《 海南报-藏文 》( 2026年02月11日 第 04 版 )
དམངས་ཀྱི་ཆེད་དུ་ཐབས་ཇུས་འདོན་པ་དང་།དམངས་ཀྱི་ཆེད་དུ་བྱས་རྗེས་འཇོག་པ།དམངས་ཀྱི་ཆེད་དུ་འཆར་འགོད་བྱེད་པ་བཅས་བྱ་དགོས།དོན་དག་ཡོད་ན་གྲོས་མོལ་བྱེད་ཆོག་པ་ཞེས་པའི་གྲོས་མོལ་སྤུས་རྟགས་ཀྱི་ཕན་ནུས་མུ་མཐུད་དུ་འདོན་པ་དང་།ལས་རིགས་ཁག་གི་ཁྱད་ཆོས་དང་ཨུ་ཡོན་གྱི་ནུས་པར་གཞི་ཚུགས་པར་བྱས་ཏེ།མི་དམངས་ཀྱི་གནས་ཚུལ་རྟོགས་པ་དང་སེམས་ཁྲལ་སེལ་བ། ཕན་བདེ་བསྐྲུན་པ་བཅས་ཀྱི་ལས་དོན་མང་པོ་བསྒྲུབ་པ་དང་།སྲིད་གྲོས་བྱ་བའི་གཙོ་གནད་གཞི་རིམ་དུ་ཁ་ཕྱོགས་ཏེ། ཨུ་ཡོན་གྱི་སྟོབས་ཤུགས་གཞི་རིམ་དུ་རྐང་འཛུགས་པ་དང་གྲོས་མོལ་གཞི་རིམ་དུ་ཐོན་པར་བྱེད་པ་བཅས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས།ནུས་པ་གང་ཡོད་ཀྱིས་དམངས་ལ་ཕན་བདེ་བསྐྲུན་པའི་དོན་བཟང་སྔར་ལས་མང་པོ་བསྒྲུབས་ནས་རིགས་སོ་སོའི་མང་ཚོགས་ལ་སྲིད་གྲོས་རང་གི་ཉེ་སར་ཡོད་པ་དང་ཨུ་ཡོན་རང་གི་གམ་དུ་ཡོད་པའི་ཚོར་སྣང་སྟེར་ཐུབ་པར་བྱ་དགོས་པ་དང་།དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས་རྒྱུན་མཐུད་ངང་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་འགན་ནུས་ལེགས་པོ་སྒྲུབ་དགོས།རིག་ནུས་སྲིད་གྲོས་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་དང་བེད་སྤྱོད་བྱ་རྒྱུར་དམ་འཛིན་བྱས་ཏེ།ཁུལ་ཡོངས་ཀྱི་སྲིད་གྲོས་སྡེ་ཁག་གི་གསར་འགྱུར་དྲིལ་བསྒྲགས་ལས་དོན་མཐོར་འདེགས་གཏོང་བའི་ལོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།རིག་གནས་ལོ་རྒྱུས་ཁང(ཡིག་རིས་འགྲེམ་སྟོན་ཁང)གི་བྱེད་ནུས་ཀྱི་ནང་དོན་དང་འཛུགས་སྐྲུན།དོ་དམ་དང་བེད་སྤྱོད་གཏོང་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ།རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཞིབ་འཇུག་བེད་སྤྱོད་གཏིང་ཟབ་བྱེད་པ་དང་། དཔེ་ཀློག་སྲིད་གྲོས་འཛུགས་སྐྲུན་གཏིང་ཟབ་བྱེད་པའི་ཁྲོད་ལས་བྱེད་པའི་ནུས་པ་དང་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ།ལས་རིགས་ཁག་གི་རྩ་འཛུགས་ཀྱི་དགེ་མཚན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་ཨུ་ཡོན་གྱི་ནུས་པ་གཙོ་བོ་བཅས་འདོན་སྤེལ་བྱས་ཏེ།སེམས་རྣལ་དུ་ཕབ་ནས་ཨུ་ཡོན་ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ།སྐུལ་ལྕག་དང་ཚོད་འཛིན་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཏང་ནང་གི་གཅིག་བསྡུས་སློབ་གསོ་ཏན་ཏིག་གིས་སྤེལ་ཏེ། ཞིབ་ཕྲའི་གནས་ལ་དམིགས་ནས་བརྩོན་པ་དང་གྲོན་ཆུང་། ལས་ཆོད་མཐོ་བ་བཅས་ཀྱི་ལས་ཁུངས་འཛུགས་སྐྱོང་བྱས་ནས། སྤྱོད་ཚུལ་ལེགས་སྐྱོང་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ནང་ཞུགས་པའི་ལས་ཁུངས།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་འབོད་སྐུལ་བཏང་།
ཀྲུའུ་ཞི་སྟེགས་བུར་ད་དུང་ཧྥན་རུན་ཡོན་དང་གསེར་མཚོ།དཔལ་ལྡན།ཀེང་ཁྲེང་ཧྲེང་།མཱ་ཧྲའོ་ཧྥུའུ།བསོད་ནམས་བདེ་སྐྱིད།ལི་ཀུའོ་ཞུང་།ཁྲེ་ཞང་ཞན། ཞུའུ་ཅན་ཅུན། ཅཱ་ནའེ་ཅི། ལིའུ་ཅན་ཀྲི་བཅས་བཞུགས་ཡོད་པ་དང་། མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན།རྫོང་ཁག་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་དང་གྲོང་བརྡལ་སོ་སོའི་སྲིད་གྲོས་བྱ་བའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་བྱས།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་མཇུག་བསྒྲིལ།།