- 放大
- 缩小
- 默认
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས60པ་བསྡུས་པ།
《 海南报-藏文 》( 2025年12月24日 第 03 版 )
རང་ཚགས་པར་གྱི་འཕྲིན།ཟླ12པའི་ཚེས19ཉིན། ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས60པ་བསྡུས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་མཱ་ཅན་ཧོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་ལས་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པ་འཚོགས་རྒྱུའི་གྲོས་མགོའི་དུས་ཚོད་དང་གྲོས་མགོའི་གྲོས་དོན་ལེགས་སྒྲིག་བྱེད་པའི་སྐོར་གྱི་ལས་དོན།མཚོ་ལྷོ་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་གྲོས་རིམ་དང་ཉིན་རེའི་ལས་རིམ་བཅས་ལ་ཞིབ་འཇུག་བྱས་ཤིང་། ཀྲུའུ་རེན་གྲོས་ཚོགས་ལས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་རིམ་པ་བཞིན་ཁུལ་མི་དམངས་སྲིད་གཞུང་གིས་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་ས་ཁུལ་གྱི་དོ་དམ་སྲོལ་ཡིག་གི་འཆར་ཟིན་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་དྲོད་འདོན་དང་དྲོད་རླངས་བཀོལ་སྤྱོད་ཀྱི་སྲོལ་ཡིག་གི་འཆར་ཟིན་གྱི་གྲོས་གཞི་དང་དེའི་གསལ་བཤད།ཁུལ་དམངས་ཆེན་གྱི་ཞིང་ལས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་ས་ཁུལ་གྱི་དོ་དམ་སྲོལ་ཡིག་གི་འཆར་ཟིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་དྲོད་འདོན་དང་དྲོད་རླངས་བཀོལ་སྤྱོད་སྲོལ་ཡིག་གི་འཆར་ཟིན་སྐོར་གྱི་གྲོས་གཞིའི་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་པ་མ་ཟད། ཁུལ་མི་དམངས་སྲིད་གཞུང་གིས་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་ཆིངས་དམངས་སྲོལ་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་འཆར་ཟིན་སྐོར་གྱི་གྲོས་གཞི་དང་དེའི་གསལ་བཤད། ཁུལ་དམངས་ཆེན་གྱི་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་ཆིངས་དམངས་སྲོལ་ལ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་འཆར་ཟིན་གྱི་གྲོས་གཞིའི་བསམ་འཆར། ཁུལ་དམངས་ཆེན་གྱི་ཁྲིམས་ལུགས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲོལ་ཡིག་གི་འཆར་ཟིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག་གི་འཆར་ཟིན་བཅས་ཀྱི་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་བཅས་ལའང་གྲོས་ཞིབ་བྱས་ཤིང་། ཁུལ་མི་དམངས་སྲིད་གཞུང་གི་མཚོ་ལྷོ་ཁུལ་གྱི2024ལོའི་གསར་དུ་བཀྲམ་པའི་བུན་འཛིན་མ་དངུལ་དོ་དམ་དང་བཀོལ་སྤྱོད་དེའི་བྱས་འབྲས་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ།2025ལོའི་སྐོར་ཐེངས་གཉིས་པའི་གསར་དུ་ཁ་སྣོན་བྱས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་དང་གཏོང་ཡོང་གི་སྔོན་རྩིས་ལེགས་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ། ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི2025ལོའི་སྐོར་ཐེངས་གཉིས་པའི་གསར་དུ་ཁ་སྣོན་བྱས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་དང་གཏོང་ཡོང་གི་སྔོན་རྩིས་ལེགས་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུའི་ཞིབ་བཤེར་སྙན་ཞུ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི2025ལོའི་ལོ་རེའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་སྒྲུབ་དཔྱད་ཞིབ་བྱ་བའི་སྐོར་གྱི་ཚན་ཁག་གི་མི་གྲངས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་འགན་སྒྲུབ་དཔྱད་བསྡུར་གནས་ཚུལ་སྐོར་གྱི་སྙན་ཞུ།གཏན་འབེབས་མི་གྲངས་ཀྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་དྲུག་གི་འགན་སྒྲུབ་སྙན་ཞུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་གྲོས་ཚོགས་ཐེངས་བདུན་པ་བསྡུ་བའི་སྐོར་གྱི་ཇུས་ཆོད་འཆར་ཟིན། དེ་མིན་ད་དུང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས་ལ། ཀྲུའུ་རེན་གྲོས་ཚོགས་ལས་གོང་གི་གྲོས་གཞི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་ད་དུང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཆིན་དབྱང་གྲོང་ཁྱེར་དང་ཉིན་ཞ་ཝུའུ་ཀྲུང་གྲོང་ཁྱེར་དུ་དེང་རབས་ཕྱུགས་ལས་ལ་རྟོག་ཞིབ་བྱེད་པར་སོང་བ་དང་ཁྲིམས་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད། ཀྲུའུ་རེན་གྲོས་ཚོགས་ལས་བརྒྱུད་རིམ་ལྟར་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཁུལ་ཨུར་སྤྲོད་རྒྱུར་འཐད་པ་བྱུང་།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་རོང་ཡོན་དང་གསེར་མཚོ།དཔལ་ལྡན། ཀུན་ཧྲིན་ཁྲིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའམ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་མཁས་ཆེན་དོན་འགྲུབ་བཅས་གྲོས་ཚོགས་ལ་ཞུགས་ཤིང་། ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་གཞོན་པའི་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།།