- 放大
- 缩小
- 默认
ཀརྨ་ཕུན་ཚོགས་ཀྱིས་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་སྟོད་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་བྱས་པ།
《 海南报-藏文 》( 2025年12月24日 第 01 版 )
རང་ཚགས་པར་གྱི་འཕྲིན།ཟླ12པའི་ཚེས17ཉིན་ནས་ཚེས18ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ད་ལོའི་ལོ་མཇུག་ཏུ་ལོ་ལྔའི་འཆར་གཞི་བཅུ་བཞི་པ་མཇུག་བསྡུ་བ་དང་སང་ལོའི་ལོ་སྟོད་དུ་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་རྩོམ་པའི་གཙོ་གནད་བྱ་བར་གཞིགས་ནས།ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་དུ་སོང་སྟེ་རྟོག་ཞིབ་བཞུགས་མོལ་གནང་བ་དང་།ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས།ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ།ད་ལོའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བར་འབད་པ་བྱ་དགོས་པ་དང་།སང་ལོའི་དཔལ་འབྱོར་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ནས།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་ངང་འབྲེལ་མཐུད་བྱེད་པ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སྒྲིག་གཞི།བདེ་འཇགས་ཐོན་སྐྱེད། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འགན་སྲུང་བཅས་ཀྱི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ།ལོ་ལྔའི་འཆར་གཞི་བཅུ་བཞི་པ་རྒྱལ་ཁའི་ངང་མཇུག་བསྡུ་བ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།
ཞིན་ཧེ་རྫོང་གསོ་ཕག་བཤས་ར་ལས་གཞིའི་འཛུགས་སྐྲུན་གྱི་ཡུལ་དངོས་སུ། ཀརྨ་ཕུན་ཚོགས་ཀྱིས་ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་དང་རྒྱུ་ཆ་འགན་སྲུང་གི་གནས་ཚུལ་རྒྱུས་ལོན་ཞིབ་མོར་བྱས་པ་དང་།ཕྱུགས་ཟོག་བཤའ་བ་དང་ཡང་ན་ལས་སྣོན་བྱ་རྒྱུ་དེ་དམངས་ཚིས་འགན་སྲུང་དང་ཚོད་སླེའི་བཟོ་སྐྲུན་དང་འབྲེལ་བ་དམ་པོ་ཡོད་པས།འབྲེལ་ཡོད་སྡེ་ཁག་གིས་ཞབས་ཞུ་མཛུབ་སྟོན་བྱ་བ་ལེགས་པོར་སྒྲུབ་ནས།དཀའ་ངལ་ཅན་གྱི་གནད་དོན་ཐག་བཅད་དེ་ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པ་ནན་གྱིས་བསྟན།ཞིན་ཧེ་རྫོང་ཆིན་ཧྥིན་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ།ཀརྨ་ཕུན་ཚོགས་ཀྱིས་ཤྭ་མངར་འདེབས་འཛུགས་ཀྱི་ལག་རྩལ་བཀོལ་སྤྱོད་བྱེད་ཚུལ་དང་དཔེ་སྟོན་ལས་གཞི་ལག་བསྟར་བྱས་པའི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ།བེད་མེད་དུ་བསྐྱུར་བའི་ཞིང་ལས་ཐོན་ཁུངས་ཀྱི་བེད་སྤྱོད་ནུས་པ་ཆེ་རུ་བཏང་ནས།མཐོ་སྒང་གི་གནམ་གཤིས་འཁྱག་པོ་དང་དག་གཙང་གི་སྐྱེ་ཁམས་ལ་བརྟེན།ཡུལ་བབ་དང་མཐུན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས།རོང་འབྲོག་པ་མང་པོའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱེད་དགོས་པ་བསྟན།ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་ཞོལ་མ་སྡེ་བའི་དྲོད་ཁང་བསྒྱུར་བཀོད་ལས་གཞིའི་ཡུལ་དངོས་སུ།ཀརྨ་ཕུན་ཚོགས་ཀྱིས་ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་འགན་ཁུར་བློ་མཐུན་དང་མཉམ་དུ་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་དང་།ཁོས་ཚན་རྩལ་གྱི་ཕྱོགས་ལ་མ་དངུལ་ཆེར་གཏོང་བ་དང་གསར་སྤེལ་བེད་སྤྱོད་ཀྱི་ནུས་པ་ཆེར་བསྐྱེད་ནས།ནུས་ལྡན་དང་རིག་ནུས།སྐྱེ་ཁམས་བཅས་ཀྱི་དྲོད་ཁང་འདེབས་གསོའི་རྣམ་པ་དང་ལག་རྩལ་འཚོལ་ཞིབ་བྱས་ཏེ། ཞིང་ལས་སྒྲིག་ཆས་དེ་ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བྱེད་པའི་སྒུལ་ཤུགས་གཙོ་བོ་རུ་འགྱུར་དགོས་པ་བསྟན།
རྫོང་གཉིས་ཀྱི་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་།ཀརྨ་ཕུན་ཚོགས་ཀྱིས་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་གི་སྲིད་གཞུང་བྱ་བའི་སྙན་ཞུ་སོ་སོར་ཉན་ནས་ད་ལོའི་ཚུན་གྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་འགན་འཁྲི་དང་སྲིད་ཇུས།བྱ་བ་ལག་བསྟར་བྱེད་པ་བཅས་ལ་གཞིགས་ནས།སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་དང་གནད་འགག་དམ་འཛིན་སྒོས།སྤུས་ཚད་མཐོ་བའི་ངང་ལོ་རེའི་དམིགས་འབེན་འོས་འགན་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྐབས་སུ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་དགོས་ལ།བཟོ་ལས་དང་དངུལ་གཏོང་།འཛད་སྤྱོད་བཅས་ཁ་ཕྱོགས་གཙོ་བོ་གསུམ་ལ་གཞིགས་ནས།ནུས་ཤུགས་ཡོད་ཚད་ཀྱིས་ཆད་ལྷག་གསབ་སྣོན་དང་ཞན་ཆ་ལེགས་བཅོས། རྨང་གཞི་ཇེ་བརྟན་བཅས་བྱས་ཏེ།ལས་གཞི་སོ་སོའི་དམིགས་ཚད་བརྟན་པོའི་ངང་ནས་འཕར་བར་འགན་སྲུང་བྱ་དགོས།དགུན་དུས་ཀྱི་ཡུལ་སྐོར་དམ་འཛིན་བྱས་ཏེ།མུ་མཐུད་དུ་འཛད་སྤྱོད་ལ་སྤྲོ་བ་འཕེལ་བར་ནུས་པ་འདོན་དགོས།སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་རྩ་གནད་སྒྲིག་བཟོ་བྱས་ཏེ།རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་བར་གྱི་འཆར་འགོད་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞི་བརྟན་ཞིང་ཡུན་རིང་ལ་ཕན་པ།གྲུབ་འབྲས་ཆེ་བའི་གཙོ་གནད་ལས་གཞི་དང་གཙོ་གནད་བཟོ་སྐྲུན་སྐོར་ཞིག་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ།ས་གནས་ཀྱི་ཁྱད་ཆོས་མངོན་ཐུབ་པའི་གཙོ་གནད་ལས་དོན་ཁག་ཅིག་གོང་རིམ་གྱི་འཆར་འགོད་ཁྲོད་འཇོག་རྒྱུར་བརྩོན་ལེན་བྱ་དགོས།ཉེ་ཆར་བྱུང་བའི་མེ་སྐྱོན་དོན་རྐྱེན་གྱི་བསླབ་བྱ་དང་ལེན་བཟང་བོ་བྱས་ཏེ།འགྲིམ་འགྲུལ་སྐྱེལ་འདྲེན་དང་བཟོ་སྐྲུན་ཨར་ལས། བཟོ་ཚོང་དང་ཉེན་ཡོད་འགྱུར་རྫས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དང་ནགས་ཚལ་རྩྭ་ཐང་གི་མེ་འགོག་དམ་སྲུང་སྒོས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།བྱེད་ཐབས་ནུས་ལྡན་གྱི་སྒོ་ནས་མཁོ་འདོན་ཁག་ཐེག་དང་ཉེན་ཁ་སེལ་བ།དྲོད་ཁོལ་སྦྱིན་པ་བཅས་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་དགུན་སྐྱེལ་བར་འགན་སྲུང་བྱ་དགོས།
དགུན་དུས་ཀྱི་ངལ་གསོའི་དུས་ཚོད་སྤྱད་དེ།རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་ལ་གནད་འཁེལ་གྱིས་འབྲེལ་མཐུད་བྱས་ནས།སང་ལོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བྱ་བའི་དམིགས་འབེན།ལས་འགན་གཙོ་བོ།རྒྱབ་སྐྱོར་ལས་གཞི་བཅས་ནན་ནན་ཏིག་ཏིག་གིས་བསྒྲུབ་སྟེ།འཐུས་ཚང་གི་འགན་སྲུང་བྱ་བར་བརྟེན་ནས།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱ་དགོས་པ་ནན་གྱིས་བསྟན།།