- 放大
- 缩小
- 默认
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
《 海南报-藏文 》( 2025年09月30日 第 01 版 )

ཟླ9ཚེས25ཉིན་གྱི་སྔ་དྲོར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཤིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ།

ཟླ9ཚེས25ཉིན་གྱི་སྔ་དྲོར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཤིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་། ཝང་ཧུའུ་ཉིང་དང་ཚའེ་ཆི་ཚོགས་ཆེན་ལ་ཞུགས་པ།
ཀྲུང་གུང་ཀྲུང་དབྱང་དང་།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།རྒྱལ་ཡོངས་སྲིད་གྲོས།ཀྲུང་དབྱང་དམག་ཨུ་བཅས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ།
ཝང་ཧུའུ་ཉིང་ཞུགས་ནས་གསུང་བཤད་གནང་བ།ཚའེ་ཆི་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ9ཚེས25ཉིན་གློག་འཕྲིན་འབྱོར་གསལ།ཚེས25ཉིན་གྱི་སྔ་དྲོར།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཤིན་ཅང་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི།ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཚོགས་ཆེན་ལ་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད10དང་སྐར་མ30ཙམ་ལ།དགའ་སྤྲོ་རབ་ཏུ་འཁོལ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་རྣམས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡ་ཙི་ཡིས་ཚོགས་ཆེན་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།ཚང་མས་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལི་ཀན་ཅེ་ཡིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས།ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
ཝང་ཧུའུ་ཉིང་གིས་གསུང་བཤད་གནང་ཞིང་།ཁོང་གིས་ལོ་ངོ70ཡི་གོང་།ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་རབ་ཏུ་འཕྲོ་བའི་འོགཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་ཡོད།ལོ་ངོ70ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཚུན། ཏང་གི་མགོ་ཁྲིད་འོག་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་རང་ཁྱིམ་རང་བདག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན།སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་རྒྱུན་ཆད་མེད་པར་བླངས་ཡོད།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཐད་ནས་ཤིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་གཏན་འཁེལ། ཤིན་ཅང་གི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཤིང་།ཤིན་ཅང་གིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པས།ཤིན་ཅང་གི་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཟབ་ཏུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ནས། མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཏེ་མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད་ཅེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ70སོང་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཡང་དག་ངང་ཐག་གཅོད་བྱེད་པའི་འགྲོ་ལམ་གྱི་སྐྱེ་སྟོབས་ཆེན་པོ་གང་ལེགས་མངོན་པ།དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན།ཤིན་ཅང་དེང་རབས་ཅན་གྱི་འཛུགས་སྐྲུན་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པར་གནས་ཡོད་པས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ།དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་།གནད་ལ་འཁེལ་བ།ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་པོ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་སྟངས་འཛིན་ནན་པོ།ཁྲིམས་ལྟར་ཤིན་སྐྱོང་དང་།མཐུན་སྒྲིལ་ཤིན་བརྟན།རིག་དཔལ་ཤིན་སྐྱོང་།དམངས་ཕྱུག་ཤིན་དར།ཡུན་རིང་ཤིན་སྐྲུན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ།མཐུན་སྒྲིལ་ཞི་མཐུན་དང་།དར་རྒྱས་འབྱོར་ཕྱུགཤེས་དཔལ་ཡར་ཐོན།བདེ་སྡོད་ལས་བརྩོན།སྐྱེ་ཁམས་བཟང་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།