2025ལོའི་རང་ཁུལ་གྱི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

《 海南报-藏文 》( 2025年08月13日 第 04 版 )

རང་ཚགས་པར་གྱི་འཕྲིན།(གསར་འགོད་པ་བཀྲ་ཤིས་དོན་གྲུབ།)ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས།གསེར་ཆེན་རི་བོའི་འདབས་རོལ་དུ་གནའ་བོའི་སོར་རྩེ་ལས་འཁྲུངས་པའི་དུས་རབས་ཀྱི་འཕྱོར་གོས་ཞེས་པའི་མཚོ་ལྷོ་ཁུལ་གྱི 2025ལོའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

རྒྱས་ཚོགས་འདི་ཟླ8པའི་ཚེས8ཉིན་ནས་ཚེས12ཉིན་གྱི་བར་བསྡུས་ཤིང་།རང་ཁུལ་གྱི་བོད་ཀྱི་རྒྱན་གོས་རྒྱན་ཆ་འགྲེམས་སྟོན་དང་།བོད་ཀྱི་དེང་རབས་གྱོན་ཆས་མཛེས་རྒྱན་འཁྲབ་སྟོན།རྫོང་ལྔའི་ཆེད་ལས་རིག་རྩལ་འཁྲབ་སྟོན་པ་སོགས་གདན་ཞུ་བྱས་ནས་རིག་གནས་ཀྱི་བྱ་འགུལ་གྱ་ནོམ་པ་ཞིག་སྤེལ་བ་མ་ཟད། སི་ཁྲོན། ཀན་སུའུ། བོད་ལྗོངས་སོགས་ས་གནས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་བོད་རིགས་ཀྱི་རྒྱན་གོས་རུ་ཁག་ཀྱང་གདན་ཞུ་བྱས་ཏེ།ཕྱོགས་ཡོངས་ནས་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་མངོན་ཡོད་ལ།བོད་ཀྱི་གླུ་བ་གྲགས་ཅན་བཀྲ་ཤིས་ཕུན་ཚོགས་དང་ཤེར་བསྟན།གྲུ་བ་བསམ་འགྲུབ་སོགས་རྒྱས་ཚོགས་འདིའི་སྟེང་ཞུགས་པས།འཁྲབ་སྟོན་དེ་བས་ཀྱང་ཁྱད་ཆོས་ལྡན་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

དེ་མིན་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་འདེགས་བྱས་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་དངོས་ཀྱི་སྟེང་ནས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་རྗེས་སུ་འབྲང་བ།འཆམ་མཐུན་མཉམ་གནས་བཅས་བྱས་ཏེ།རབ་མཛེས་མཚོ་སྔོན་དང་གནས་མཆོག་མཚོ་ལྷོའི་སྙན་གྲགས་རྒྱས་པར་བྱས་ཡོད།