ལིས་ཀང་གིས་ཁུལ་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ཏང་གི་ཆེད་དོན་སློབ་ཁྲིད་བྱས་པ།

《 海南报-藏文 》( 2025年07月16日 第 01 版 )

རང་ཚགས་པར་གྱི་འཕྲིན། ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁུལ་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ཏང་གི་ཆེད་དོན་སློབ་ཁྲིད་བྱས་པ་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་ལེགས་བཅོས་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་ཏུ་བསྟར་བ། རང་ངོས་གསར་བརྗེ་བྱེད་པ་དེ་ཆབ་སྲིད་ཀྱི་ངོ་བོ་ཡིན་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་ནན་སྲུང་སྒོས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྲོད་གལ་འགངས་ཆེ་བའི་འཕར་གནས་གསར་པ་ཞིག་བཏོད་དགོས་ཞེས་བསྟན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲུང་དབྱི་ཡིས་མགོ་འཛིན་བྱས།

ལིས་ཀང་གིས་ཐོག་མར་ཚོགས་ར་གཙོ་བོར་ཞུགས་པའི་ཏང་ཡོན་དང་ཏང་ནང་གསར་ཏུ་ཞུགས་པའི་བློ་མཐུན་རྣམས་ལ་མགོ་ཁྲིད་དེ་ཏང་ནང་ཞུགས་པའི་དམ་བཅའ་བཞག་པ་དང་། གཟི་བརྗིད་ཀྱིས་ཏང་ནང་ཞུགས་ནས་ལོ50ལོན་པའི་ཏང་ཡོན་རྒན་པའི་འཐུས་མིར་དྲན་གསོའི་རྟགས་མ་གནང་ཞིང་།ཁྱབ་ཁོངས་སོ་སོའི་ཏང་ནང་གསར་ཏུ་ཞུགས་པའི་བློ་མཐུན་རྣམས་ལ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཡིག་དང་ཆབ་སྲིད་ཕྱོགས་ཀྱི་དཔེ་དེབ་ཕུལ་ལ།ཏང་ཡོན་འཐུས་མི3གྱི་ཏང་ནང་དུ་ཞུགས་པའི་མྱོང་ཚོར་ལ་ཉན་པར་མ་ཟད། ཏང་ནང་དུ་ཞུགས་པར་དམ་བཅའ་འཇོག་པའི་ལོ་རྒྱུས་གཙོར་བཟུང་ནས་བློ་མཐུན་རྣམས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་སྒྲིག་ཁྲིམས་རྒྱུན་འཛིན་དང་འགན་འཁྲི་ནན་འཁུར་བྱེད་དགོས་པའི་ཕྱོགས་ལ་དཔྱད་བསྡུར་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས། ལིས་ཀང་གིས་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་དང་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ནས་སྤྱི་ཚོགས་རིང་ལུགས་བར་བརྒལ་གྱི་དུས་སྐབས། དེ་ནས་དུས་རབས་གསར་པའི་དུས་སྐབས་བཅས་སུ་ཏང་ནང་དུ་ཞུགས་པའི་དམ་བཅའ་ཡི་གེ་ནི་རྔུལ་ཁྲག་ལས་ཐོབ་པའི་བློ་དཀར་གཞུང་དྲང་གི་ཁྱད་ཆོས་དང་རྒྱང་བསྐྱོད་ལམ་བུའི་ཁྲོད་ཀྱི་འགན་འཁྲི་ནན་འཁུར། ལོ་བརྒྱའི་ཏང་ཆེན་གྱིས་རང་ངོས་གསར་བརྗེ་བྱེད་པའི་དུས་རབས་ལ་དྲིས་ལན་བཏབ་པ་དེ་དང་ཏང་ཡོན་གྱི་ཁ་ཆེམས་ཡི་གེཆོད་སེམས་ཡི་གེ བསྒྲགས་གཏམ་ཡི་གེ་བཅས་ཡིན་པས། ཏང་ལ་ནམ་ཡང་བློ་དཀར་པ་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་ཆོད་སེམས་བརྟན་པོ་དང་སྒེར་སེམས་མེད་པའི་བླ་མེད་ཀྱི་སྙིང་སྟོབས་དེ་མཚོན་ཡོད། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་གཞིར་བཟུང་ནས།ཏང་ལ་བློ་དཀར་བ་དང་སྒྲིག་ཁྲིམས་ནན་སྲུང་ཕྱོགས་བཏོན་པའི་བླང་བྱ་རྒྱུན་ལྡན་གྱི་འཚོ་བའི་ནང་མངོན་པ་དང་། ཆེས་བཟང་པོའི་སྤྱོད་ཚུལ་ལ་བརྟེན་ནས་ཏང་ནང་དུ་ཞུགས་པའི་དམ་བཅའ་ཡི་གེ་ལག་བསྟར་དོན་འཁྱོལ་བྱ་དགོས་ཞེས་བསྟན།

ལིས་ཀང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནི་སྤྱོད་ཚུལ་ལེགས་བཅོས་ཀྱི་གཞི་རྩ་བརྟན་པོར་གཏོང་བའི་ཕྱོགས་སྟོན་དང་སྲོལ་བཟང་དར་ཞིང་སྒྲིག་ལམ་སྲུང་བའི་རྩ་བའི་ཐབས་ཇུས་ཡིན་པ་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་། དུས་རབས་ཀྱི་མདུན་སྐྱོད་རྡོ་རིང་འཛུགས་པའི་ཡིད་ཆེས་ཀྱི་གཞི་རྩ་ཡིན།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་རང་ཉིད་དེའི་ནང་དུ་འཇོག་པ་དང་འགན་འཁྲི་དེ་ནང་དུ་འཇོག་པ།བྱ་བ་དེ་དངོས་སུ་གྱོད་དཔེ་ཁྲོད་ནས་བསླབ་བྱ་ལེན་དགོས།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་།རུལ་འགོག་གི་བསམ་བློའི་འདུ་ཤེས་སྐྱེད་དགོས་པ་ལས་མགོ་གཏན་ནས་རྨོངས་མི་རུང་།བློ་བདེ་བག་ཕེབས་ཀྱི་ཁྲོད་ནས་བྱ་གཞག་ལ་འཐུས་ཤོར་བྱུང་བ་དང་རྙོག་རྫོབ་ཀྱི་ཁྲོད་དུ་ཚད་ཐིག་ལས་བརྒལ་མི་རུང་ལ། སྤྱོད་གཙང་གཞུང་དྲང་གི་སྲོལ་བཟང་དང་། དངོས་སྒྲུབ་ཀྱི་འགན་འཁྲི་དེ་དུས་དང་རྣམ་པ་ཀུན་ཏུ་རང་ཁུལ་གྱི་ཆབ་སྲིད་ཀྱི་མཚོན་རྟགས་སུ་འགྱུར་བར་བྱ་དགོས་ཞེས་ནན་གྱིས་བསྟན།

ལིས་ཀང་གིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ་བྱ་བའི་ནང་ཁྱབ་པར་བྱས་ཏེ།ཞིང་ཆེན་ཏང་ཨུས་གནང་བའི་སྔོན་ཐོན་བརྩོན་ལེན་ལྔ་སྒུལ་ཤུགས་སུ་བྱས་ཏེ།སྤྱོད་ཚུལ་ནན་མོར་བརྟེན་ནས་དྲང་སྙོམས།དངོས་འཛིན་དངོས་སྒྲུབ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཐུན་མོང་དང་གཤོང་སའི་ལྗང་མདོག་དར་རྒྱས་སུ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་མགྱོགས་མྱུར་ཆགས་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ཏང་གི་ཆེད་དོན་སློབ་ཁྲིད་དེ་བརྙན་རིས་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་།ཁུལ་གྱི་རིམ་པ་སོ་སོའི་མགོ་ཁྲིད་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།ཁུལ་སྲིད་གཞུང་།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ།ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ།ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཁུལ་གྱི་ཚོགས་ར་གཙོ་བོར་སློབ་ཁྲིད་ལ་ཞུགས་པ་དང་།རྫོང་སོ་སོ་ཡན་ལག་ཚོགས་ར་ནས་སློབ་ཁྲིད་ལ་ཞུགས་པ་རེད།།