2025ལོའི་གངས་དཀར་བུམ་པ་རྟགས་མའི་ན་གཞོན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྟེང་མཚོ་ལྷོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ།
《 海南报-藏文 》( 2025年07月02日 第 03 版 )



རང་ཚགས་པར་གྱི་འཕྲིན།ཟླ6པའི་ཚེས27ཉིན།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་གཙོ་སྒྲུབ་གནང་བའི2025ལོའི་གངས་དཀར་བུམ་པ་རྟགས་མའི་ན་གཞོན་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པའི་ཁྲོད་མཚོ་ལྷོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྤོབས་པ་ཞུམ་མེད་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཛ་དྲག་གི་འགྲན་རིམ་དག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོའི་བྱ་དགའ་བླངས་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་ཟླ6པའི་ཚེས21ཉིན་ནས་ཚེས27ཉིན་བར་སི་ཁྲོན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་སྤེལ་བ་དང་འགྲན་བསྡུར་ཁྲོད་སི་ཁྲོན་དང་།བོད་ལྗོངས།ཡུན་ནན།མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ནས་ཡོང་བའི་རུ་ཁག13འགྲན་བསྡུར་ལ་ཞུགས་ཡོད།
མཚོ་ལྷོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཨང་དང་པོ་བླངས་པ་དེས་རུ་ཁག་གི་ཁྱད་དུ་འཕགས་པའི་རྐང་རྩལ་དང་མཐུན་སྒྲིལ་གྱི་དཔུང་རྡང་དམ་དུ་སྦྲེལ་ནས་མདུན་དུ་མཆོང་བའི་སྙིང་སྟོབས་མངོན་པ་དང་ཆབས་ཅིགམཚོ་ལྷོ་ཁུལ་རྐང་རྩེད་སྤོ་ལོའི་བྱ་གཞག་ལ་འོད་སྟོང་འཕྲོ་བའི་ལེའུ་གསར་པ་བརྩམས་པ་མ་ཟད།ས་གནས་ཁག་བར་གྱི་རྐང་རྩེད་སྤོ་ལོའི་རིག་གནས་བརྗེ་རེས་དང་སྤེལ་རེས་ལ་སྐུལ་བྱས།།