རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་ཇུས་འབུལ་གྱི་ཆེད་མཁས་པའི་ཚོགས་འདུ་བསྡུས་པ།

《 海南报-藏文 》( 2025年05月28日 第 01 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་ཐབས་འདོན་ཇུས་འབུལ་གྱི་ཆེད་མཁས་པའི་ཚོགས་འདུཿ་བསྡུས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་ཁག་གི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུཿ་སྤེལ་བའི་བཞུགས་མོལ་ཚོགས་འདུཿའི་སྟེང་གནང་བའི་གསུང་བཤད་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་ཐབས་འདོན་ཇུས་འབུལ་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།ཆེད་མཁས་མི་སྣ9གདན་འདྲེན་ཞུས་ནས་ཆེད་དོན་བགྲོ་གླེང་ཞིབ་འཇུག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་འདུཿར་ཞུགས་ཤིང་གཏམ་བཤད་བྱས།

ཚོགས་འདུཿའི་སྟེང་།ཀྲུང་གོའི་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཀུང་ཟིའི་སྐྱེ་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝང་ཁྲེང་ལུང་གིས་མཚོ་ལྷོ་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་དང་། ཀྲུང་གོའི་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཟུར་པ་ཚའེ་ཏུན་ཀའོ།རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཟི་ཡི་ཟི་ཀྲང་གཞོན་པ་ཟུར་པ་ཙོའུ་ཡུང་།རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཤེས་དཔལ་གྲོང་ཁྱེར་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་མགོ་གཙོའི་བློ་འདྲི་བ་ལི་ལའེ་ཡུན། ཅང་སུའུ་ཞིང་ཆེན་འཐབ་ཇུས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡང་ཆོན་ལི། ཀྲུང་གོའི་འགྲིམ་འགྲུལ་ཚོགས་པའི་དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ལི་ཆུན་ཆོན། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ནུབ་བྱང་ཚད་འཇལ་ཇུས་འགོད་ཞིབ་འཇུག་ཁང་གི་ལག་རྩལ་གྱི་སྤྱིའི་ལྟ་ཞིབ་པ་པེ་ཞའོ་ཅིན།མཚོ་སྔོན་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིན་གྱི་སྐོར་ཞིབ་པ་གཞོན་པ་ཟུར་པ་ཧྲ་ཧྲེན་མེན།མཚོ་སྔོན་ཞིང་ཆེན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཟུར་པ་ལི་ཡུང་།ཀྲུང་གོ་རྒྱལ་སྤྱིའི་བཟོ་སྐྲུན་བློ་འདྲི་ཀུང་ཟིའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུའུ་ཅན་ཨན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་ཅིང་།ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཕེལ་རྒྱས་གནས་གཏན་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།ཐོན་ལས་འཕེལ་རྒྱས།གྲོང་ཁྱེར་དང་།གྲོང་རྡལ་གསར་གྲས།དམངས་ཚིས་འགན་སྲུང་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བསམ་ཚུལ་བཏོན།ལིས་ཀང་གིས་ཆེད་མཁས་པའི་གཏམ་བཤད་ལ་ཉན་ཞིང་བསམ་བློ་བརྗེ་རེས་དང་ཆེད་མཁས་པ་རྣམས་ཀྱིས་དུཿས་ཡུན་རིང་བོའི་ནང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུཿ་སྤེལ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་མ་ཟད། མུ་མཐུད་དུཿ་མཚོ་ལྷོར་ཐུགས་ཁུར་དང་དགོངས་འཆར་མང་པོ་འདོན་རྒྱུའི་རེ་བ་བཏོན།

ལིས་ཀང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་བར་འཆར་འགོད་བྱ་རྒྱུ་ནི་བསམ་བློ་གཅིག་གྱུར་དང་།ངོས་འཛིན་གཅིག་མཐུན་ཡོང་བའི་བརྒྱུད་རིམ་ཞིག་ཡིན་ལ།དམངས་གཙོ་དང་དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན།ཁུལ་ཡོངས་ཀྱི་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་སྐོར་གྱི་མཛུབ་སྟོན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ།ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་གྲོས་གཞིའི་ཐད་ཤུགས་བརྒྱབ་ནས་ལས་བྱེད་པ་དང་མང་ཚོགས། སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྐུལ་སློང་བྱས་ཏེ་ཆེད་དོན་ཞིབ་འཇུག་དང་།བརྗོད་དོན་གཙོ་བོའི་རྩོམ་ཡིག་བསྡུ་བ་དང་ཐབས་འདོན་ཇུས་འབུལ་སོགས་ཀྱི་བྱེད་སྒོ་སྤེལ་དགོས།ཕྱོགས་མང་པོའི་བློ་གྲོས་གཅིག་བསྡུས་དང་ངོས་འཛིན་གཅིག་མཐུན་གྱིས་རང་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་།ལས་འགན་གཙོ་བོ་བཅས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་མཐུན་པའི་སྒོ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ལམ་ཕྱོགས་བཟང་བོ་སྟོན་དགོས་ཞེས་བསྟན། (འཕྲོ་མ་པར་ངོས3པོར་གཟིགས།)

(པར་ངོས1པོར་མཐུད་པ། )ལིས་ཀང་གིས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དེ་མཚོ་ལྷོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འཆར་འགོད་ཇུས་གཞི།ཐོན་ལས་ལས་གཞི་བཅས་སུ་བསྒྱུར་ནས་སྲུང་སྐྱོང་དང་འཕེལ་རྒྱས།དམངས་ཚིས།གསར་གཏོད་ལ་འབྲེལ་མཐུད་བཟང་བོ་བྱས་ཏེ།ནུས་ཤུགས་ཡོད་རྒུས་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གནས་གཞི་གལ་ཆེན་ཞིག་ཆགས་པར་བྱ་དགོས།མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་གནས་བབ་གཏན་འཁེལ་དང་།ལས་གཞི་གལ་ཆེན་གྱི་འཆར་འགོད་དེ་རྒྱལ་ཡོངས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ།བཟོ་སྐྲུན་གལ་ཆེན་དག་གི་ཐོན་ལས་ཀྱི་བཀོད་པ་དང་ཟུང་འབྲེལ་སྒོས་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་སྤུས་རྟགས་སྤྱད་དེ་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་།ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་དགོས། ཐཱན་གཉིས་དམིགས་འབེན་མངོན་འགྱུར་ལ་བརྟེན་ནས་ཐཱན་ཉུང་ཐོན་ལས་ཁུལ་འཛུགས་སྐྲུན་དང་གློག་ཁུངས་ཀྱི་བདེན་པའི་ར་སྤྲོད་ལ་སྐུལ་འདེད་གཏོང་དགོས།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་ནས་ཆུ་བོ་གཅིག་དང་མཚེའུ་གཅིག་ལ་དམིགས་ནས་མཚོ་སྔོན་པོ་དང་ཆབ་ཆ།ཚལ་རྔ་འགགཁྲི་ཀ་རྫོང་བཅས་གནས་བཞིའི་ཕྱོགས་གཅིག་གི་སྤྱིའི་བཀོད་པར་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོག་འཕེལ་རྒྱས་སུ་གཏོང་དགོས།སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གཙོ་བོར་ཞིང་ཕྱུགས་ཐོན་རྫས་ལེགས་བསྡུས་དང་།ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་འབྲེལ་ཐག་ཇེ་དོམ་དང་སྤུས་རྟགས་གསར་བ་བསྐྲུན་པའི་ཐད་ཤུགས་བསྣན་ཏེ།ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་ཤུགས་སྣོན་བྱས་ནས་ཐོན་ལས་སྤོ་སྒྱུར་དང་ས་ཁོངས་བར་གྱི་བཟང་ཆ་གསབ་རེས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཝང་ཀྲུང་དབྱི་དང་།ཀྲང་ཅི་ཙུང་།དགེ་འདུན་རྒྱལ།སུང་ཅུན་ཞ།བསོད་ནམས་བདེ་སྐྱིད།ལི་གོ་ཞུང་།ལི་གོ་ཧྲེན།གསེར་མཚོ།ཧོ་ཆིན་བཅས་ཚོགས་འདུར་ཞུགས།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་།ཁུལ་ཨུའི་འབྲེལ་ཡོད་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ།ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན།རྫོང་ཁག་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།