- 放大
- 缩小
- 默认
ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་བཤད་རྩ་གནད།
《 海南报-藏文 》( 2024年10月30日 第 05 版 )
ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་དུ་བསྡུས།གྲོས་ཚོགས་སྟེང་གྲོས་རིམ་སོ་སོ་བདེ་བླག་ཏུ་འགྲུབ།ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལེགས་པོ་དང་ལག་བསྟར་ལེགས་པོ་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད།
དང་པོ།ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གལ་ཆེ་བའི་གྲོས་ཚོགས་ཐེངས་ཤིག་རེད།
(གཅིག)ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ།
ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་རུ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཡིན།ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུ་ལ་གསན་ནས་གྲོས་བསྡུར་བྱས་པ་དང་།《ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《གཏན་འབེབས(གྲོས་བསྡུར་འཆར་ཟིན)》ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས་ཤིང་།ཚང་འཛོམས་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གཏམ་བཤད་གལ་ཆེན་གནང་།ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《གཏན་འབེབས》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་བཏང་ནས།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་བཙུགས་པ་དང་།དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་ལྟར། ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་ཆ་ཚང་གནང་བ་ནི།ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་དུ་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་པའི་ལག་ལེན་གྱི་མུ་འབྲེལ་ལེའུ་ཡིན་པར་མ་ཟད།རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཡིན་ལ།ཏང་གི་ལོ་རྒྱུས་སྟེང་གནད་བསྡུས་རང་བཞིན་གྱི་ཡིག་ཚགས་གལ་ཆེན་ཞིག་ཀྱང་ཡིན་ནོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་སྙན་ཞུ་དང་གཏམ་བཤད་གལ་ཆེན་གྱིས།ལོ་ངོ་གཅིག་ལྷག་རིང་གི་ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཏེ།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་།སྤྱི་ཡོངས་བླང་བྱ།བྱེད་ཐབས་གལ་ཆེན།གཞི་རྩའི་ཁག་ཐེག་སོགས་གནད་དོན་ཆེན་པོ་དག་གཏིང་ཟབ་ཏུ་རྒྱས་བཤད་གནང་བར་མ་ཟད།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་རེ་བ་གསལ་བོ་བཏོན་ཡོད། (པར་ངོས3པར་གཟིགས།)
(པར་ངོས1པོར་མཐུད་པ།)ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བའི་འགྱུར་མེད་ཆོད་སེམས་ཡོངས་སུ་མཚོན་པ་དང་།ཏང་ཡོངས་དང་།དམག་ཡོངས།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་བློ་བརྟན་ཡར་བརྩོན་བྱེད་པར་སྐུལ་སློང་བྱས་ཏེ།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་བཏང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་ཆེན་པོ་གཏོད་པ་དང་།ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོ་འདུན་མ་མངོན་འགྱུར་བཅས་བྱེད་པར་དོན་སྙིང་ཆེན་པོ་ལྡན།
(གཉིས། )ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གིས་ཚང་འཛོམས་གྲོས་ཚོགས་ལ་གནང་བའི་ལྡོག་ལན་དང་གདེང་འཇོག
ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཀྲུང་དབྱང་ཨུ་ཡོན་དང་།རྗེས་སྣོན་ཀྲུང་དབྱང་ཨུ་ཡོན།ཚོགས་འདུར་ཟུར་ཞུགས་གནང་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།འབྲེལ་ཡོད་ཐད་ཀྱི་འགན་ཁུར་བློ་མཐུན།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁག་ཅིག་དང་ཆེད་མཁས་ཤེས་ཡོན་པ་བཅས་ཀྱིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་དམངས་གཙོ་དར་སྤེལ་གང་ལེགས་དང་།བློ་གྲོས་རྒྱ་ཆེར་གཅིག་སྡུད།བསམ་བློ་སྔར་ལས་གཅིག་གྱུར།བློ་སྤོབས་སྐུལ་སློང་ནུས་ལྡན་བཅས་བྱེད་པའི་སྤུས་ཚད་མཐོ་བའི་ཚོགས་འདུ་ཞིག་ཡིན་པར་ངོས་འཛིན་གཅིག་མཐུན་དུ་བྱུང་ཡོད།
ཚོགས་ཞུགས་བློ་མཐུན་གྱིས་དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ནས་བླངས་པའི་གྲུབ་འབྲས་རླབས་པོ་ཆེར་གདེང་འཇོག་ཆེན་པོ་གནང་ཡོད་དེ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི“ཁ་ཕྱོགས་བརྟན་པོས་སྒྱུར་བཅོས་བྱེད་པའི”ཆབ་སྲིད་ལངས་གནས་དང་།“མ་ལག་གཅིག་འདུས་ཀྱིས་སྒྱུར་བཅོས་བྱེད་པའི”ཁྱོན་ཡོངས་བསམ་གཞིག།“མི་དམངས་བླ་རུ་བཀུར་ནས་སྒྱུར་བཅོས་བྱེད་པའི”རིན་ཐང་འཁྱེར་སོ།“ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་སྒྱུར་བཅོས་བྱེད་པའི”བློ་གྲོས་ཆེན་པོ་བཅས་ལ་བརྟེན་ནས་ངོ་མཚར་རྨད་བྱུང་གི་སྒྱུར་བཅོས་འཕེལ་རིམ་གྱི་སྒོ་གླགས་ཕྱེས་ཏེ།རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བཏོད་པ་དང་།དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་པ་ཡིན་པ།དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ན་སྔར་བཞིན་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས་པར་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཚོགས་ཞུགས་བློ་མཐུན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ལ་ཚ་ཚ་འུར་འུར་ངང་གྲོས་བསྡུར་བྱས་ཏེ།《གཏན་འབེབས》ཀྱི་བརྗོད་གཞི་གསལ་ཞིང་གཙོ་གནད་འབུར་དུ་ཐོན་པ།བྱེད་ཐབས་ལ་དངོས་སྒྲུབ་ཀྱི་ཁྱད་ཆོས་ལྡན་པའི་ཁར།སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་གྱི་ལས་དོན་རླབས་པོ་ཆེར་དམིགས་ཡོད་པ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྤྱི་ཡོངས་ལ་བཀོད་སྒྲིག་བྱས་ཡོད།ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་སྐྱོང་ལ་རྨང་བཏིངས་པ་ཞིག་བཅས་ཡིན་པས།དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྣང་འཚེར་བའི་ཆབ་སྲིད་བསྒྲགས་ཡིག་དང་།རྒྱང་ལམ་གསར་པའི་སྟེང་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པའི་སྐུལ་སློང་བཀའ་རྒྱ།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་ལམ་ཐིག་རི་མོ་བཅས་ཡིན་པ་དང་།“ངོ་མཚར་ཆེན་པོ་གཉིས”སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་རང་དབང་གདམ་གསེས་དང་འཐབ་ཇུས་བྱེད་ཐབས་ཡིན་པར་ངོས་འཛིན་གཅིག་མཐུན་བྱུང་ཡོད།བློ་མཐུན་འགའ་ཤས་ཀྱིས།《གཏན་འབེབས》ཀྱིས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ།སྒྱུར་བཅོས་ཁ་ཕྱོགས་ཀྱི་འགྱུར་མེད་རང་བཞིན་མཚོན་ཡོད་པ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་སྟངས་འཛིན་ནན་པོ་བྱས་ཏེ།སྒྱུར་བཅོས་དམིགས་ཕྱོགས་ཀྱི་མངོན་གསལ་རང་བཞིན་མཚོན་ཡོད།དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་འཐེན་ཤུགས་འདི་སྟངས་འཛིན་ནན་པོ་བྱས་ཏེ། སྒྱུར་བཅོས་འཐབ་ཇུས་ཀྱི་རང་དབང་རང་བཞིན་མཚོན་ཡོད།མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ལྟ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། སྒྱུར་བཅོས་ལངས་ཕྱོགས་ཀྱི་མི་དམངས་རང་བཞིན་མཚོན་ཡོད།ཡང་དག་པའི་བྱེད་ཐབས་སྨྲ་བ་སྟངས་འཛིན་ནན་པོ་བྱས་ཏེ།སྒྱུར་བཅོས་མཛད་ཇུས་ཀྱི་ཚན་རིག་རང་བཞིན་མཚོན་ཡོད་ཅེས་ཟེར་ཞིང་།བློ་མཐུན་འགའ་ཤས་ཀྱིས།《གཏན་ འབེབས》ཀྱིས་ང་ཚོ་ཏང་གི་སྒྱུར་བཅོས་སྐོར་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ས་གསར་པ་ཞིག་ཏུ་བཏེགས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཅོས་གཞུང་ལུགས་དང་སྒྱུར་བཅོས་ལག་ལེན་དེ་ཡངས་ཚད་དང་ཟབ་ཚད་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ཡོད་པས།ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཡང་བསྐྱར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་འཕོ་འགྱུར་ཐེངས་ཤིག་གི་མགོ་རྩོམ་ངེས་རེད་ཅེས་ཟེར།
རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དོ་སྣང་ཆེན་པོ་དང་གདེང་འཇོག་ཆེན་པོ་བྱས་ཏེ།ཡོངས་ཁྱབ་ཏུ།སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཏང་གི་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གིས་སྒྱུར་བཅོས་ཀྱི་གྲོས་དོན་ལ་དམིགས་ནས། གཏན་འབེབས་ཅི་ཞིག་གནང་བ་དང་།བྱེད་ཐབས་ཅི་ཞིག་སྤྱད་པ།བརྡ་འཕྲིན་ཅི་ཞིག་བཏང་ཡང་།མ་འོངས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་དང་།ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་མཚུངས་པར་ཚང་མར་མཚོན་བྱེད་རང་བཞིན་དང་གསར་གཏོད་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་པ་ཡིན་ཞེས་ངོས་འཛིན་བྱས་པ་དང་།ཡོངས་ཁྱབ་ཏུ།འཛམ་གླིང་ཡོངས་ལ་བལྟས་ན།རྒྱལ་ཁབ་དང་སྲིད་ཏང་གང་གིས་ཀྱང་ང་ཚོ་ལྟར་ཆབ་སྲིད་ཀྱི་བློ་སྤོབས་དང་ལོ་རྒྱུས་ཀྱི་ཁག་ཁུར་ནས།བློ་གཤོགས་ཆེན་པོ་དང་གྲི་ཁ་ནང་ལ་ཕྱོགས་ནས་རང་ངོས་གསར་བརྗེ་བྱེད་མི་ཐུབ་ཅིང་།རྒྱལ་ཁབ་དང་སྲིད་ཏང་གང་གིས་ཀྱང་དུས་ཡུན་ཐུང་ངུའི་ནང་ཁྱབ་རྒྱ་དང་།གཞི་རྒྱ།ཤུགས་ཚད་བཅས་འདི་འདྲ་ཆེན་པོའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཐུབ་མེད་ཅེས་ངོས་འཛིན་བྱས།ཡོངས་ཁྱབ་ཏུ།ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་པར་མ་ཟད་གཏན་འབེབས་གནང་བ་དང་།འགལ་བར་གཡོལ་ཐབས་མི་བྱེད་པ་དེས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དྲག་པོ་མཚོན་ཐུབ་པ་དང་།《གཏན་འབེབས》ཀྱིས་སྒྱུར་བཅོས་འཆར་འགོད་བཀོད་པ་དེས་མི་སེམས་ལ་སྐུལ་མ་ཐེབས་ཤིང་།དངོས་ཐོག་བདེན་འཚོལ་གྱི་སྒྱུར་བཅོས་ཀྱི་རྩ་དོན་བཙུགས་པ་དང་།དངོས་སྒྲུབ་སྤྱོད་འཐུས་ཀྱི་སྒྱུར་བཅོས་བྱེད་ཐབས་བཏོན་ཡོད་ཅེས་ངོས་འཛིན་བྱས་ཡོད།ཡོངས་ཁྱབ་ཏུ།ཡང་དག་པའི་སྒྱུར་བཅོས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་མངོན་གསལ་གྱི་རིན་ཐང་ལྟ་ཕྱོགས་ངོམ་པ་དང་། འཆར་བཀོད་གཅིག་མཐའ་གཅིག་ཏུ་འཐེན་པ་རྒྱུན་འཁྱོངས་བྱས་ཏེ།སེམས་ཐག་བཅད་རྗེས་རླུང་འཚུབ་ལ་མི་སྐྲག་ཅིང་ཉེན་ཁ་ལ་མི་འཇིགས་པར་དམ་འཛིན་མཐའ་གཅིག་ཏུ་བྱས་ནས།སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱས་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་ཟེར་མདུན་ལྗོངས་གཏོད་པར་རེ་སྒུག་བྱེད་ཀྱིན་ཡོད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་འདི་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་མཆིས་ཏེ།རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ།ཀྲུང་གུང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འདི་ནི་ཀྲུང་གོའི་མ་འོངས་སྲིད་ཇུས་འཕེལ་ཕྱོགས་ལ་ལྟ་ཞིབ་བྱེད་པའི“རླུང་མདའ”ལྟ་བུ་ཡིན་ཞིང་།ཀྲུང་གོའི་མ་འོངས་ལོ་ངོ་ལྔའི་རིང་ཙམ་མ་ཟད་དུས་ཡུན་དེ་ལས་རིང་བའི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་དང་།འཛམ་གླིང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་སྲིད་ཅེས་ངོས་འཛིན་བྱེད་ཀྱིན་ཡོད།
(གསུམ།)ཚང་འཛོམས་གྲོས་ཚོགས་ཀྱི་གྲ་སྒྲིག་བརྒྱུད་རིམ།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ཀྱི་མ་ཟིན་འགོད་པའི་བྱ་བ་ནི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་སྤེལ་བ་ཡིན།2023ལོའི་ཟླ11པར། ཀྲུང་དབྱང་ཆབ་སྲིད་ཅུས་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ཟིན་འགོད་ཚོགས་ཆུང་འཛུགས་རྒྱུ་ཐག་བཅད་དེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཚོགས་གཙོའི་འགན་ཁུར་བ་དང་།བློ་མཐུན་ཝང་ཧུའུ་ཉིང་དང་།ཚའེ་ཆི།ཏིང་ཞུའེ་ཞང་བཅས་ཀྱིས་ཚོགས་གཙོ་གཞོན་པའི་འགན་ཁུར་ལ།ཏང་དང་རྒྱལ་ཁབ་ཀྱི་འབྲེལ་མགོ་ཁྲིད་བློ་མཐུན་གཞན་དག་དང་འབྲེལ་ཡོད་སྡེ་ཁགས་གནས་ཀྱི་འགན་ཁུར་བློ་མཐུན་བཅས་ཞུགས་ཏེ།ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཡིག་ཆ་ཟིན་འགོད་ཀྱི་ལས་འགན་ཁུར་བ་རེད། 2023ལོའི་ཟླ12པའི་ཟླ་སྟོད་དུ།《གཏན་འབེབས》ཟིན་འགོད་བྱ་བ་དངོས་སུ་མགོ་བརྩམས་ཤིང་། ཟླ་བ7ལྷག་འགོར།《གཏན་འབེབས》ཟིན་འགོད་ཀྱི་བརྒྱུད་རིམ་ལ་ཕྱི་མིག་ཅིག་བལྟས་ན་གཙོ་བོ་ཁྱད་ཆོས4ལྡན་ཏེ།
གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་བརྒྱུད་རིམ་ཧྲིལ་བོར་ཁྲིད་སྟོན་བྱས་ཏེ།《གཏན་འབེབས》ཟིན་འགོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས།《གཏན་འབེབས》ཟིན་འགོད་ཀྱི་བྱ་བ་མགོ་རྩོམ་དུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ཆ་ཟིན་འགོད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གཏམ་བཤད་གལ་ཆེན་གནང་སྟེ།《གཏན་འབེབས》ཀྱི་བརྗོད་དོན་དང་གཙོ་གནད་དུ་ཞིབ་འཇུག་བྱེད་དགོས་པའི་གནད་དོན་འགའ་གསལ་བོར་བསྟན་པ་དང་།ཡིག་ཆ་ཟིན་འགོད་ཀྱི་ཁ་ཕྱོགས་དམིགས་འབེན་དང་།གཞི་རྩའི་རྩ་དོན།ཚན་རིག་དང་མཐུན་པའི་བྱེད་ཐབས་བཅས་གསལ་བོར་བསྟན་ཏེ། ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་སྔར་ལས་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་དང་འཐབ་ཇུས་ཀྱི་གཙོ་གནད་བཏོན།《གཏན་འབེབས》ཟིན་འགོད་ཀྱི་བརྒྱུད་རིམ་ཁྲོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁ་ཕྱོགས་གཏན་འཁེལ་བྱས་ཏེ།བརྗོད་དོན་སྟངས་འཛིན་དང་སྒྲིག་གཞི་འགོད་པ་ནས་ནང་དོན་སྒྲིག་པ་དང་།ཐོག་མའི་མ་ཟིན་འབྲི་བ་དང་བསམ་འཆར་བསྡུ་ལེན་བྱེད་པ་ནས་བསམ་འཆར་དང་ལེན་བྱེད་པ། ཞིབ་འཇུག་གཏིང་ཟབ་དང་བྱེད་ཐབས་འདོན་པ་ནས་མཐའ་དཔྱོད་ཡང་ཡང་གཏོང་བ་བཅས་ཀྱི་ཐད་དངོས་སུ་འཆར་འགོད་དང་སེམས་ཞིབ་མོས་ཁྲིད་སྟོན་བྱས་ཏེ།དུས་ཐོག་ཏུ་མཛུབ་སྟོན་མཆན་འགོད་གལ་ཆེན་གནང་བ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕུང་གིས་སྔ་གཞུག་ཏུ་ཐེངས་གང་མང་ལ་ཡིག་ཆ་ཟིན་འགོད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་དང་།ཡིག་ཆ་ཟིན་འགོད་ཆེད་དོན་ཚོགས་འདུ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས།བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་བཅས་ལ་གཙོ་སྐྱོང་གནང་ནས་བསྡུས་པ་དང་།ཡིག་ཆ་ཟིན་འགོད་ཀྱི་གནས་ཚུལ་སྙན་ཞུ་ལ་གསན་ནས།འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ།ཡིག་ཆ་ཟིན་འགོད་ཀྱི་གོ་རིམ་སོ་སོའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ཡོད་པ་རེད།
གཉིས་ནི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་ལེགས་པོར་བཟུང་ནས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ང་ཚོའི་ཏང་གི་སྒྱུར་བཅོས་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཡང་དག་པར་སྟངས་འཛིན་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ཟིན་བྲིས་སུ་འགོད་པའི་སྔོན་འགྲོ་གལ་ཆེན་ཞིག་ཡིན།ཡིག་ཆ་ཟིན་འགོད་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་དགོངས་དོན་རབ་དང་རིམ་པ་ནན་ཏན་གྱིས་སློབ་སྦྱོང་བྱས་ཤིང་།ནང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་སྐོར་གྱི་བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་ཚད་བསྡུར་བྱས་ནས།སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཉམས་མྱོང་དང་ཏང་གི་ཚོགས་ཆེན་ཐེབས་བཅོ་བརྒྱད་པའི་ཚུན་དུ་ཏང་ཀྲུང་དབྱང་གི་ཕྱོགས་སོ་སོའི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་དངོས་འབེབས་གནས་ཚུལ་ནན་ཏན་གྱིས་སྤྱི་བསྡོམས་དང་ཞིབ་འཇུག་བྱས་པ་དང་།སྒྱུར་བཅོས་ཀྱི་ལོ་རྒྱུས་འཕེལ་རིམ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་སྒྱུར་བཅོས་ཐད་བཏོན་པའི་བླང་བྱ་གསར་པ་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ནས།དེ་བསམ་བློའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོར་བཟུང་ཡོད།
(པར་ངོས4བར་གཟིགས།)(པར་ངོས3པོར་མཐུད་པ།)གསུམ་ནི་རྟོག་ཞིབ་སྔོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཟིན་འགོད་བྱ་བར་རྨང་གཞི་བརྟན་པོ་བཏིངས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ཟིན་འགོད་ལེགས་པོ་བྱེད་པར། ཡིག་ཆ་དང་འབྲེལ་བའི་གཞུང་ལུགས་དང་ལག་ལེན་གནད་དོན་རབ་དང་རིམ་པར་རྟོག་ཞིབ་ཟབ་མོ་བྱེད་དགོས།ཐེངས་འདིའི་ཡིག་ཆ་ཟིན་འགོད་བྱ་བར་གཙོ་གནད་བརྗོད་གཞི་ཞིབ་འཇུག་དང་།ཡུལ་དངོས་རྟོག་ཞིབ་བཅར་གླེང་།ཆེད་དོན་མཐའ་དཔྱོད་བཅས་ཕན་ཚུན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཡོད།གཙོ་གནད་བརྗོད་གཞི་ཞིབ་འཇུག་ལ་བསྡོམས་པས་གཙོ་གནད་བརྗོད་གཞི38བཀོད་སྒྲིག་བྱས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས55ལ་མངགས་བཅོལ་བྱས་ཏེ་ཆེད་དོན་རྟོག་ཞིབ་བྱས་ནས།རྟོག་ཞིབ་སྙན་ཞུ78གྲུབ་པ་དང་།སྤྱི་བསྡོམས་བྱས་ནས་ཕྱོགས་བསྡུས་སྙན་ཞུ་གྲུབ་ཡོད།རྟོག་ཞིབ་བཅར་གླེང་ལ་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན23གྱི་བསམ་འཆར་དངོས་སུ་བསྡུ་ལེན་བྱས་ཤིང་།རྟོག་ཞིབ་ཚན་ཆུང16བཙུགས་ནས་ཞིང་ལྗོངས་གྲོང་ཁྱེར་དང་།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ།ཀྲུང་དབྱང་པུའུ་ཨུ39།རྒྱལ་དབང་ཁེ་ལས་དང་། དངུལ་རྩའི་ལས་ཁུངས། མཐོ་རིམ་སློབ་གྲྭ་བཅས་སྡེ་ཁག9རུ་རྟོག་ཞིབ་བྱས་པ་དང་།ས་ཁུལ་དང་།སྡེ་ཁགལས་ཁུངས་བཅས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་།གཞི་རིམ་ལས་ཁུངས་ཀྱི་ལས་བྱེད་མང་ཚོགས་འགར་བཅར་གླེང་བྱས་ཐོགབཅར་གླེང་དཔྱད་གཞི107དང་རྟོག་ཞིབ་སྙན་ཞུ16ཡར་སྤྲོད་བྱས་ཏེ། སྤྱི་བསྡོམས་བྱས་ནས་ཕྱོགས་བསྡུས་སྙན་ཞུ་གྲུབ་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་གྱི་བསམ་འཆར་དང་ཞིང་ཆེན་དང་པུའུ་རིམ་པའི་འགན་ཁུར་བློ་མཐུན་གཙོ་བོའི་བཅར་གླེང་སྙན་ཞུ་རེ་རེ་བཞིན་ཞིབ་ཀློག་བྱས་ཏེ།བསམ་འཆར་གཙོ་བོར་མཆན་འགོད་ཀྱང་བྱས།ཆེད་དོན་མཐའ་དཔྱོད་ལ་གནད་དོན་ཆེན་པོ་འགའ་དང་།འབྲེལ་ཡོད་ཕྱོགས་ལ་སྤྲད་ནས་ངོ་བོའི་གཏན་འཁེལ་དང་ཚད་གཏན་འཁེལ་བྱེད་པའི་དགོས་ངེས་རང་བཞིན་དང་སྤྱོད་འཐུས་རང་བཞིན་གྱི་དབྱེ་ཞིབ་དང་མཐའ་དཔྱོད་བྱས་ཤིང་།ཆེད་དོན་འགའ་ལ་ད་དུང་བསམ་འཆར་མི་གཅིག་པའི་སྡེ་ཁག་འགས་དུས་མཉམ་མཐའ་དཔྱོད་བྱས།གོང་གི་བྱེད་ཐབས3གྱི་རྟོག་ཞིབ་གནས་ཚུལ་ལ་ཟིན་འགོད་ཚོགས་ཆུང་གིས་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཞིབ་འཇུག་བྱས་ཏེ།དེའི་ཁྲོད་རིན་ཐང་ལྡན་པའི་ལྟ་བ་དང་བསམ་འཆར་དང་ལེན་བྱས་ནས།གནད་ལ་འཁེལ་ཞིང་བྱེད་ཐབས་དངོས་དང་མཐུན་ལ་རྒྱུས་སྤུས་ལེགས་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་སྐོར་ཞིག་ཆགས་ཡོད།
བཞི་ནི་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གྱི་སྒོ་ནས་ཏང་ཕྱི་ནང་གི་བློ་གྲོས་གཅིག་ཏུ་བསྡུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཡིག་ཆ་ལེགས་པོ་ཞིག་འབྲི་དགོས་ན་བློ་བསྡུས་དགེ་འཚོལ་དང་། ཏང་ཕྱི་ནང་གི་བློ་གྲོས་གཅིག་ཏུ་བསྡུ་དགོས།འདི་ནི་ཏང་གི་ཡིག་ཆ་གལ་ཆེན་གཏན་འབེབས་བྱེད་པའི་ཉམས་མྱོང་ལེགས་པོ་ཞིག་ཡིན།ཡིག་ཆ་ཟིན་འགོད་ཀྱི་བརྒྱུད་རིམ་ཁྲོད།སྔ་གཞུག་ཏུ་ཐེངས་གཉིས་ལ་ཁྱབ་ཁོངས་ཅུང་ཆེ་བའི་སྒོ་ནས་བསམ་འཆར་བསྡུ་ལེན་བྱས།ཐེངས་དང་པོ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་དོན་ལ་གཞིགས་ནས་ས་ཁུལ་དང་། སྡེ་ཁག ཕྱོགས་སོ་སོ།ལས་བྱེད་མང་ཚོགས་འགའ་བཅས་ལ་བསམ་འཆར་བསྡུ་ལེན་བྱས་པར་མ་ཟད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་བཞུགས་མོལ་གྲོས་ཚོགས་རྩ་འཛུགས་བྱས་ནས་ཏང་ཕྱིའི་མི་སྣའི་བསམ་འཆར་བསྡུ་ལེན་བྱས་པ་དེ་ཡིན་ཞིང་།ཕྱོགས་སོ་སོས་ཡིག་ངོས་ཀྱི་བསམ་འཆར་གྲོས་འགོའི་དཔྱད་ཡིག109ལྡོག་ལན་ཞུས། ཐེངས་གཉིས་པ་ནི《གཏན་འབེབས》ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ཐད་ཏང་ནང་ཁྱབ་ཁོངས་ངེས་ཅན་ཞིག་ལ་བསམ་འཆར་བསྡུ་ལེན་བཀྲམ་པ་དང་།དེའི་ནང་དུ་བྱེད་སྟངས་ཚད་མཐུན་གྱིས་ཏང་ནང་བློ་མཐུན་རྒན་པའི་བསམ་འཆར་བསྡུ་ལེན་བྱས་པའང་འདུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས20ཉིན་གཙོ་སྐྱོང་གནང་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་ཀྱི་བསམ་འཆར་ལ་དངོས་སུ་གསན་པ་དང་།ཟླ5པའི་ཚེས23ཉིན་ཧྲན་ཏུང་ཅི་ནན་དུ་ཁེ་ལས་དང་ཆེད་མཁས་བཞུགས་མོལ་གྲོས་ཚོགས་གཙོ་སྐྱོང་གནང་ནས་བསྡུས་ཏེ།ཁེ་ལས་དང་ཆེད་མཁས་འཐུས་ཚབ་ཀྱི་བསམ་འཆར་ལ་དངོས་སུ་གསན།ཐེངས་གཉིས་པའི་བསམ་འཆར་བསྡུ་ལེན་ལ་བསྡོམས་པས་ཡིག་ངོས་ཀྱི་ལྡོག་ལན་བསམ་འཆར186འབྱོར་བ་དང་།ལེགས་སྒྲིག་བྱས་པར་བརྒྱུད་བསྡོམས་པས་བཟོ་བཅོས་བསམ་འཆར་དང་གྲོས་འགོ1911བཏོན་ཡོད།ཡིག་ཆ་ཟིན་འགོད་ཚོགས་ཆུང་གིས་རེ་རེ་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་ཏེ།དང་ལེན་བྱེད་ཆོག་པ་ཅི་ནུས་ཀྱིས་དང་ལེན་བྱས་པ་དང་།གཏན་འབེབས་མ་ཟིན་ལ་དགོས་ངེས་ཀྱི་སྣོན་འབྲི་དང་།བཅོས་འབྲི།ཡི་གེ་ལེགས་སྒྲིག་བཅས་བྱས་པར་མ་ཟད།ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་སྟེང་གྲོས་ཞིབ་ཀྱི་བསམ་འཆར་ལྟར་བཟོ་བཅོས་གལ་ཆེན་བརྒྱབ། ཚང་འཛོམས་གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་བློ་མཐུན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་འགའ་ཤས་ལ་གཞིགས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཤེར་འབེབས་བྱས་པར་བརྒྱུད།གཏན་འབེབས་མ་ཟིན་ལ་ཡང་བསྐྱར་བཟོ་བཅོས་མང་པོ་བརྒྱབ་པ་ཡིན།བསྡོམས་རྩིས་བྱས་པ་ལྟར་ན།《གཏན་འབེབས》ཀྱི་མ་ཟིན་གྲུབ་པའི་བརྒྱུད་རིམ་ཁྲོད།བསྡོམས་པས་བརྒྱུད་རིམ་མ་ཟིན38བྱུང་ཡོད་པས།《གཏན་འབེབས》ཀྱི་ཟིན་འགོད་ནི་ཏང་ནང་དམངས་གཙོ་དར་སྤེལ་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དོན་འཁྱོལ་བྱས་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག
གཉིས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་རང་བཞིན་དང་གཞི་རྩ་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་པ་དང་།དེ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི“རྩ་གནད”ཀྱང་ཡིན་པས།ངེས་པར་དུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས།
(གཅིག)ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་ཟིན་གཏིང་ཟབ་ལེན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་ཚབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་ཡིས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་དང་།ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་སྔར་ལས་སྐུལ་འདེད་དང་འཆར་འགོད་བྱེད་པ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ།བསམ་བློའི་རིག་གནས་དྲིལ་བསྒྲགས་ཀྱི་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པ།དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡག་སྲུང་སྐྱོབ་དངོས་གནས་ནན་འཛིན་བྱེད་པ།རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ།ཀང་ཨའོ་དང་ཐའེ་ཝན་གྱི་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་ཆེན་པོ་གཏོང་བ།ཁྱོན་ཡོངས་ནས་ཏང་ནན་སྐྱོང་རྒྱུན་བསྲིང་དང་སྐུལ་འདེད་གཏོང་བ་སོགས་ཕྱོགས10ནས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས།ཚང་མར་དེའི་ཁྲོད་ནས་མྱོང་ཚོར་ཟབ་མོ་ཐོབ་པ་ནི།ཛ་དྲག་དང་རྙོག་འཛིང་གི་རྒྱལ་སྤྱིའི་ཁོར་ཡུག་དང་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་བཅོས་འཕེལ་རྒྱས་དང་བརྟན་བརླིང་ལས་འགན་ལ་ཁ་གཏད་དེ།ཀྲུང་དབྱང་ཆབ་སྲིད་ཅུས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་།སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱས་ནས།འཕེལ་རྒྱས་གསར་པའི་འདུ་ཤེས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་།བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཞིང་།རྒྱལ་ནང་དང་རྒྱལ་སྤྱིའི་བཀོད་པ་ཆེན་པོ་གཉིས་གཅིག་འདོམས་དང་།འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས།དཔལ་འབྱོར་བསྐྱར་འཕར་ལེགས་འཕེལ་ཡོང་བ་མངོན་འགྱུར་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས་ཡོད་པ་དེ་རེད།ལོ་ངོ་གཅིག་རིང་གི་གྲུབ་འབྲས་ནི་བསྟོད་རིན་དང་བསྔགས་རིན་ཡོད་པ་ཞིག་རེད།དཔེར་ན།དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་ཡོད་དེ།པྲོག་གསར་རིམས་བབ་ཀྱི་ཤུགས་རྐྱེན་དང་ཕྱི་ཕྱོགས་རྡུང་གནོན་སོགས་དཀའ་ཁག་མང་པོའི་འགྲན་སློང་ལ་ཁ་གཏད་དེ།ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་ནས།པྲོག་གསར་རིམས་བབ་འགོག་ཟོན་མཚམས་སྒྱུར་བྱེད་པ་འཕྲལ་མར་ལག་བསྟར་བྱས་ཤིང་།ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་ནང་ཁུལ་གྱི་དཀའ་ཁག་ཁྱད་བསད་བྱས་ནས། ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་།སྤྱི་ཁོག་སྙོམས་སྒྲིག་ནུས་པར་ཤུགས་བསྣན་ཏེ།ནང་མཁོ་རྒྱ་སྐྱེད་དང་།གྲུབ་ཚུལ་ལེགས་སྒྱུར།ཡིད་ཆེས་ཆེར་སྐྱེད།ཉེན་ཁ་གོག་སེལ་བཅས་ཧུར་ཐག་གིས་སྒྲུབ་ནས།འཕར་སྣོན་བརྟན་པོ་དང་སྔོན་དཔག་བརྟན་པོར་ཡོང་ཅི་ཐུབ་བྱས་པས།ན་ནིང་དང་ད་ལོའི་ལོ་སྟོད་དུ་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་འཕར་ཚད་སོ་སོར5.2%དང5.0%ལ་སླེབས་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཡོད། ཡང་དཔེར་ན། ཚན་རྩལ་གསར་གཏོད་ལ་འགག་སྒྲོལ་གསར་པ་བྱུང་ཡོད་དེ།གོ་ལ་ཧྲིལ་བོའི་རབས་བཞི་པའི་ཉིང་གློག་ས་ཚིགས་ཐོག་མའི་ཚོང་ལས་འཁོར་སྐྱོད་བྱས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་།6Gའཁོར་སྐར་ཐོག་མ་བཏང་བ་ལེགས་འགྲུབ་བྱུང་ཞིང་།C919གནམ་གྲུ་ཆེན་པོའི་ཚོང་ལས་འཕུར་སྐྱོད་མངོན་འགྱུར་དང་།རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཚོད་སྐྱོད་བྱུང་ལ།འདུས་གྲུབ་གློག་ལམ་དང་མི་ཐབས་རིག་ནུས་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་།ནུས་ཁུངས་གསར་པའི་རླངས་འཁོར་གྱིས་གོ་ལ་ཧྲིལ་བོའི་རླངས་འཁོར་ཐོན་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཏེ། རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ ཅན་བཅས་ཀྱི་གསར་རྣམ་སྲོག་ཤིང་ཐོན་ལས་སྐོར་ཞིག་མགྱོགས་མྱུར་ངང་དར་བ་རེད།ཡང་དཔེར་ན།རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་དེ།ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུ་དང་།ཀྲུང་གོ་དང་ཀྲུང་ཡའི་དབུ་ཚོགས་སོགས་རྒྱལ་སྤྱིའི་དབུ་ཚོགས་བདེ་བླག་ངང་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣའི་དངོས་མིན་གྲོས་ཚོགས་ཐེངས་སུམ་ཅུ་པ་སོགས་ཕྱོགས་མང་དབུ་ཚོགས་སུ་ཞུགས་པ་དང་།ཀྲུང་ཧྥེ་མགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུ་བསྡུས་ལ།རང་རྒྱལ་གྱིས་ཝུའུ་ཁུ་ལན་ཉམས་ཉེན་སྟེང་བར་འདུམ་མཐུན་འཇུག་ཡོང་བར་རྒྱུན་འཁྱོངས་བྱས་ཤིང་། ཕ་དབྱི་གནད་དོན་སྟེང་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱས་པ་དང་།དབྱི་ལང་དང་སོ་ཏི་ཨ་རབ་ལོ་རྒྱུས་རང་བཞིན་གྱི་ནང་འདུམ་ཡོང་བར་སྐུལ་བ་བཅས་བྱས་ཏེ།རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བསྟོད་བསྔགས་རྒྱ་ཆེར་ཐོབ་པ་དང་།རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་།འབོད་སྐུལ་ནུས་པ། གསར་བཟོའི་ནུས་པ་བཅས་སྔར་ལས་མཐོར་འདེགས་བྱུང་བ་ལྟ་བུ་རེད།
ཚོགས་ཞུགས་བློ་མཐུན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བར་ཁས་ལེན་གང་ལེགས་གནང་ཞིང་།ཚང་མས།ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག“བརྟན”པའི་རྨང་གཞི་སྔར་ལས་བརྟན་པོ་དང་།“སྐྱོད”པའི་འགུལ་ནུས་སྔར་ལས་ཆེ་བ།“གསར”པའི་ཁྱད་ སྤུས་སྔར་ལས་གསལ་བ།“ཆེ”བའི་ཁག་ཁུར་སྔར་ལས་ངོམ་པ།“ནན”པའི་ཕན་འབྲས་སྔར་ལས་གསལ་བ་བཅས་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།ལོ་ངོ་གཅིག་ལྷག་གི་འབད་སྐྱོད་བརྒྱུད་རིམ་ཤིན་ཏུ་གནད་འགག་ཆེ་ཞིང་དཀའ་ངལ་ཆེ་ལ་རྒྱུན་ལྡན་མིན་པས།གནས་ལུགས་ཆུང་ངུ་ངེས་པར་དུ་གནས་ལུགས་ཆེན་པོར་བསྟུན་དགོས་པ།ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རང་རྟོགས་ཀྱིས་རྒྱུན་འཁྱོངས་དང་།རྨང་གཞི་འདིང་བ་དང་རྒྱང་རིང་ལ་ཕན་པའི་ལས་དོན་མང་པོ་སྒྲུབ་སྟེ།མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པ།ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་བྱེད་ཐབས་སུ་བཟུང་ཐོགམཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་ལ་ཟུང་འབྲེལ་བྱེད་པ་དང་།ཁ་གཏད་མཚོ་སྐྱོར་དང་།ཤར་ནུབ་རྒྱུད་མཉམ་ལས།ཞིང་ཆེན་པུའུ་ཨུས་མཉམ་སྐྲུན་སོགས་ཀྱི་རྐྱེན་སྲོལ་ལེགས་པོར་སྤྱད་དེ། གནད་དོན་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་བྱ་བར་སྐུལ་འདེད་བཏང་ནས།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་སྐྱོད་དགོས་པ་བཅས་ཀྱི་ངོས་འཛིན་ཟབ་མོ་ཞིག་ཐོབ་ཏུ་བཅུག་ཡོད།(པར་ངོས5བར་གཟིགས།)(པར་ངོས4བར་མཐུད་པ།)ང་ཚོ་ལ་འཐབ་ཇུས་ཀྱི་རང་འགུལ་ཐོབ་པ་དང་རྒྱལ་ཁ་ངེས་པར་ལེན་པའི་བློ་སྤོབས་ཇེ་དྲག་ཏུ་བཏང་།གྲུབ་འབྲས་འདི་དག་བླངས་པའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྣེ་ཁྲིད་པ་དང་དེད་དཔོན་ཡིན་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་གི་མཛུབ་སྟོན་བྱས་པའི་རྐྱེན་གྱིས་རེད།
(གཉིས། )ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ལ་ངོས་འཛིན་ཟབ་མོ་བྱེད་དགོས།
ཐེངས་འདི་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། བརྗོད་དོན་འདི་གཏན་འཁེལ་བྱས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་།དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པ་དང་།ལས་འགན་གསར་པ།བླང་བྱ་གསར་པ་བཅས་ནས་གཞི་ཚུགས་ཏེ། བསམ་བློ་ཞིབ་རྒྱས་བཏང་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་སྒྱུར་བཅོས་འཆར་འགོད་དང་བཀོད་སྒྲིག་བྱ་རྒྱུ་ནི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ལ་མགོ་ཁྲིད་བྱས་པ་ལས་ཐོབ་པའི་ཉམས་མྱོང་ལེགས་པོ་ཡིན།མིག་སྔར་དང་རྗེས་ཕྱོགས་དུས་ཡུན་ངེས་ཅན་ཞིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་དོན་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན།རྒྱང་ལམ་གསར་པའི་སྟེང་།ཅི་ཞིག་ལ་བརྟེན་ནས་སེམས་ཤུགས་སྔར་ལས་གཅིག་སྡུད་དང་ཀྲུང་ཧྭ་མི་རིགས་བསྐྱར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ནུས་ཤུགས་སྟོབས་ཆེན་གཅིག་སྡུད་བྱེད་དགོས་ཤེ་ན།དྲིས་ལན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་རྒྱུ་དེ་རེད།ང་ཚོས་ངེས་པར་དུ་སྒྱུར་བཅོས་དེ་སྔར་ལས་གཟེངས་སུ་ཐོན་པའི་གནས་སུ་བཞག་སྟེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ།མི་དམངས་མང་ཚོགས་ཀྱི་རེ་སྙེག་གསར་པ་བཅས་དང་བསྟུན་ནས།སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོས་ལམ་མི་སྐོར་བ་དང་གཟུར་གཡོལ་མི་བྱེད་པ།དངོས་སྒྲུབ་མཁྲེགས་གཏུག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་རྐྱེན་སྲོལ་གྱི་བཀག་རྡོ་དང་ཚོད་འཛིན་རྒྱུ་རྐྱེན་མཐའ་གཅིག་ཏུ་གཙང་སེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གནད་འཁེལ་ཤུགས་འདོན་དང་།མཐུན་སྦྱོར་ཤུགས་འདོན།རྒྱུན་མཐུད་ཤུགས་འདོན།སྐུལ་འདེད་ནན་ཏིག་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཧུར་ཐག་གིས་ཆགས་སུ་འཇུག་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་འདི་དག་ཁྲོད་ཤེས་ཐུབ་པ་ནི།ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ལ་གོ་བ་ལེན་དགོས་ན།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་གཅིག་གྱུར་འབྲེལ་བ་འདིར་ངོས་འཛིན་དང་སྟངས་འཛིན་བྱེད་པ་ནས་འཛིན་དགོས།ཕྱོགས་གཅིག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགལ་བ་དང་གནད་དོན་མང་པོ་འཕྲད་སྲིད་པས། དཀའ་ངལ་དང་འགོག་རྐྱེན་ངེས་པར་དུ་ཁྱད་དུ་གསོད་དགོས་པ་དང་།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་།ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཕན་ཚུན་སྔར་ལས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བར་བརྒྱུད་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས།ཕྱོགས་གཞན་ཞིག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་དོན་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཡིན་ཞིང་།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱ་རྒྱུ་འདུ་བའི་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་ཆེན་པོ་ཐམས་ཅད་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཏེ་ཇུས་འགོད་བྱས་ནས་སྤེལ་དགོས།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་དུ་བྱས་པའི་ཆ་ནས།ལས་དོན་འཕེལ་རྒྱས་ཀྱི་གནད་འགག་ཟིན་ཡོད་ཅིང་།དེ་ནི་སྨྲས་མི་དགོས་ཤིང་འབྱུང་ངེས་ཀྱི་འཕེལ་ཕྱོགས་ཤིག་རེད།
ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ཀྱིས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམིགས་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བར་དམིགས་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་དམིགས་པ།མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བར་དམིགས་པ།མཛེས་པའི་ཀྲུང་གོ་འཛུགས་པར་དམིགས་པ།ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་པར་དམིགས་པ།ཏང་གི་མགོ་ཁྲིད་ཆུ་ཚད་དང་རྒྱུན་རིང་སྲིད་བསྟར་ནུས་ཤུགས་མཐོར་འདེགས་གཏོང་བར་དམིགས་པ་བཅས“དམིགས་པ་བདུན”བཏོན་ཞིང་།སྤྱིའི་ཆ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གཙོ་གནད་འདུས་ཤིང་།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད།
(གསུམ)ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ཟབ་མོར་རྟོགས་དགོས།
《གཏན་འབེབས》ཀྱིས་དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་གྲུབ་འབྲས་ཆེན་པོ་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་།“དགོས་ངེས་བླང་བྱ་དྲུག”གིས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་རྒྱས་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《གཏན་འབེབས》ལ་གསལ་བཤད་བྱེད་དུས་ཀྱང་ཉིང་བསྡུས་བྱས་ཏེ།“དགོས་གལ་ཆེ་བ་བཞི”བཏོན་པ་སྟེ།གཅིག་ནི་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པར་དགོས་གལ་ཆེ་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་འགོད་མངོན་འགྱུར་བྱེད་དགོས་ན།གཞི་རྩ་ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པ་དང་།ཕྱོགས་སོ་སོའི་སྒྲིག་སྲོལ་དང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་བྱེད་པར་ཐུག་ཡོད།གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་དགོས་གལ་ཆེ་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་ཡིན་པས།ངེས་པར་དུ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་།ཕྱོགས་སོ་སོའི་ལམ་ལུགས་དང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ།གཞི་རྩ་བརྟན་པོ་དང་།ལེགས་ཆ་འདོན་སྤེལ།ཆད་སྐྱོན་སེལ་བ།ཞན་ཆ་ལེགས་གཏོང་བཅས་བྱས་ཏེ།རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་སྔར་ལས་རྒྱུན་ཆད་མེད་པར་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་དགོས།གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་སྔར་ལས་འཚམ་མཐུན་བྱེད་པར་དགོས་གལ་ཆེ་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་འབུར་ཐོན་གནད་དོན་ནི་སྔར་བཞིན་འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་བྱུང་མེད་པ་དེ་ཡིན།གནད་དོན་འདི་དག་མདོར་དྲིལ་ན་ཚང་མ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འགྱུར་ལྡོག་བྱུང་བའི་སྣང་ཚུལ་དང་།འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཡིན་པས།ངེས་པར་དུ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་།སྒྲིག་སྲོལ་དང་རྐྱེན་སྲོལ་སྟེང་ནས་སྐུལ་འདེད་དང་ཐག་གཅོད་བྱེད་དགོས།བཞི་ནི་ཉེན་ཁའི་འགྲན་སློང་གལ་ཆེན་ལ་ཁ་གཏད་དེ།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བརྟན་ཐོག་རྒྱང་སྐྱོད་ཐུབ་པར་སྐུལ་འདེད་གཏོང་བར་དགོས་གལ་ཆེ་བ།ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་ནུས་ལྡན་གྱིས་ཁ་གཏོད་པ་དང་།ཉིན་རེར་ཛ་དྲག་གི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་དབང་ཐོབ་དགོས་ན། ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་དགོས་པ་དང་།འཐུས་ཚང་པའི་ལམ་ལུགས་ཀྱིས་ཉེན་ཁ་འགོག་སེལ་དང་འགྲན་སློང་ལ་ནུས་ལྡན་གྱིས་ཁ་གཏད་ནས།ཉམས་ཉེན་ཁྲོད་གོ་སྐབས་གསར་པ་འཚོལ་བ་དང་དུས་འགྱུར་ཁྲོད་རྣམ་པ་གསར་པ་གཏོད་དགོས།
(བཞི། )ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་རྩ་དོན་ཆེན་པོ་ཟབ་མོར་རྟོགས་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ནང་ཐོབ་དཀའ་ཞིང་རྩ་ཆེ་བའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་པར་མ་ཟད།སྒྱུར་བཅོས་ཀྱི་ལག་ལེན་གསར་པའི་ཁྲོད་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས”ཞེས་བསྟན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ།《གཏན་འབེབས》ཀྱིས་སྒྱུར་བཅོས་སྒོ་འབྱེད་ཚུན་དང་ནང་སྒོས་སུ་དུས་རབས་གསར་པའི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཉམས་མྱོང་རྩ་ཆེན་སྤྱི་བསྡོམས་ཟབ་མོ་བྱས་ནས། ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་ལ་མཛུབ་སྟོན་བྱེད་པའི“རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་སྙིགས་དོར་བཅུད་ལེན་བྱས་ནས་གྲུབ་པ་ཡིན།འདི་ནི་ང་ཚོ་ཏང་གིས་རྒྱུན་ཆད་མེད་པར་སྒྱུར་བཅོས་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱུང་བའི་གྲུབ་འབྲས་གལ་ཆེན་ཡིན།ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི།ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་པ་དང་།རང་རྒྱལ་སྒྱུར་བཅོས་སྒོ་འབྱེད་བདེ་བླག་ངང་སྐུལ་འདེད་བཏང་བའི་རྩ་བའི་ཁག་ཐེག་ཡིན་པས།ཏང་གི་མགོ་ཁྲིད་སྒྱུར་བཅོས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་ཏུ་བཅུག་སྟེ།སྒྱུར་བཅོས་དེ་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱ་རྒྱུ་འགན་ལེན་བྱེད་དགོས།མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱ་རྒྱུ་ནི།སྒྱུར་བཅོས་ཀྱི་གཞི་རྩའི་ལངས་ཕྱོགས་ཡིན་པས།མི་དམངས་ཀྱི་བྱེད་པོའི་གོ་གནས་དང་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་བཀུར་བྱས་ཏེ།དམངས་ལ་རེ་འབོད་ཡོད་ན་སྒྱུར་བཅོས་ལ་ཨ་ལན་ཡོད་པ་དང་།སྒྱུར་བཅོས་དམངས་ཀྱི་ཆེད་དང་།སྒྱུར་བཅོས་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱ་རྒྱུ་ནི།སྒྱུར་བཅོས་ཀྱི་ངོ་བོའི་བླང་བྱ་ཡིན་པས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་ཏེ།དུས་རབས་ཀྱི་རྗེས་སྙེག་པ་དང་།ལག་ལེན་འཕེལ་རྒྱས་དང་བསྟུན་ནས། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་བཏོད་པ་དང་།མགོ་རྩོམ་ས་གསར་པ་ནས་གཞུང་ལུགས་གསར་གཏོད་དང་།ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་མིན་ཕྱོགས་གཞན་དག་སོ་སོའི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས།ལམ་ལུགས་འཛུགས་སྐྲུན་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི། དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་མངོན་གསལ་ལྡན་པའི་ཁྱད་ཆོས་ཤིག་ཡིན་པས།རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་བསྣན་ཏེ།གཏོར་འཛུགས་མཉམ་སྤྱོད་དང་།སྔོན་འཛུགས་རྗེས་གཏོར།རྩ་བའི་ལམ་ལུགས་བརྟན་པོ་དང་།གཞི་རྩའི་ལམ་ལུགས་འཐུས་ཚང་།ལམ་ལུགས་གལ་ཆེན་གསར་གཏོད་བཅས་བྱེད་དགོས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི།བཅོས་སྒྱུར་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པས།ཁྲིམས་སྐྱོང་ལམ་བུའི་སྟེང་སྒྱུར་བཅོས་ཟབ་སྤེལ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བྱས་ཏེ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་དང་།སྒྱུར་བཅོས་གལ་ཆེན་ཁྲིམས་ལ་གཏུག་རྒྱུ་ཡོད་ཅིང་སྒྱུར་བཅོས་ཀྱི་གྲུབ་འབྲས་དེ་དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་ལམ་ལུགས་སྟེང་འཕར་ཐུབ་པར་བྱེད་དགོས།མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་ནི།སྒྱུར་བཅོས་ཀྱི་བསམ་བློའི་བྱེད་ཐབས་དང་བྱ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།དཔལ་འབྱོར་དང་སྤྱི་ཚོགས་དང་།སྲིད་གཞུང་དང་ཁྲོམ་ར།ལས་ཕྱོད་དང་འདྲ་མཉམ།གསོན་ཤུགས་དང་སྒྲིག་རིམ།འཕེལ་རྒྱས་དང་བདེ་འཇགས་སོགས་འབྲེལ་བ་གཙོ་བོ་ཐག་གཅོད་ལེགས་པོ་བྱས་ཏེ།སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་།སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས།
(པར་ངོས6པར་གཟིགས།)(པར་ངོས5བར་མཐུད་པ།)རྩ་དོན་འདི་དག་ནི《གཏན་འབེབས》ཞིབ་འཇུག་དང་གཏན་འབེབས་བྱེད་པའི་རྩ་བའི་གཞི་འཛིན་ས་ཡིན་པར་མ་ཟད།《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱེད་པའི་རྩ་བའི་གཞི་འཛིན་སའང་ཡིན།
(ལྔ། )སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟངས་འཛིན་བྱེད་དགོས་པའི་གནད་དོན་གལ་ཆེན་འགར་ངོས་འཛིན་ཟབ་མོ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་གསུང་བཤད་གལ་ཆེན་ཁྲོད་ནན་གྱིས་བསྟན་དོན།སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད་གནད་དོན་གལ་ཆེན་འགར་སྟངས་འཛིན་བྱེད་དགོས་ཏེ།གཙོ་ཆེ་བ་ལ།གཅིག་ནི་ཕྱོགས་ཡོངས་ནས་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་རླབས་པོ་ཆེ་དང་།ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ།འཁུར་སེམས་དྲག་པོ་བཅས་ལ་བརྟེན་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་དང་།རྩ་ཆེ་བའི་ཉམས་མྱོང་གང་མང་གསར་གཏོད་དང་ཉར་གསོག་བྱས་ཡོད།སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པར་ཉམས་མྱོང་འདི་དག་བེད་སྤྱོད་ལེགས་པོ་བྱེད་དགོས།རྩ་བར་གྱུར་པ་གཅིག་ནི།སྒྱུར་བཅོས་ཇི་ལྟར་སྒྱུར་ཡང་།ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས།མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་སོགས་གཞི་རྩའི་གནད་འདི་དག་གཏན་ནས་གཡོ་འགུལ་གཏོང་མི་རུང་བ་དང་།སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་དུ་འགྲོ་མི་རུང་ཞིང་དར་ཆ་བརྗེ་སྒྱུར་གྱི་ལམ་ལོག་ཏུ་དེ་བས་ཀྱང་འགྲོ་མི་རུང་།གཉིས་ནི་བརྗོད་དོན་ལ་དམ་དུ་དམིགས་ནས།གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པར།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་དུ་དམིགས་དགོས་པ་དང་།དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།གནད་དོན་ལ་དམིགས་ནས་འགྲོ་བ་དང་།གནད་དོན་ལ་སྦྱར་ནས་སྒྱུར་བཅོས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་རྐྱེན་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་དགོས།《གཏན་འབེབས》ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགག་གནད་གནད་དོན་དང་།སྤྱི་ཚོགས་འདྲ་མཉམ་དྲང་བཞག་གི་ཚ་གནད་གནད་དོན།དམངས་འཚོའི་ཕྱོགས་ཀྱི་དཀའ་གནད་གནད་དོན།ཏང་འཛུགས་སྐྱོང་གི་འབུར་ཐོན་གནད་དོན། ཁྱབ་ཁོངས་སོ་སོའི་ཉེན་ཁའི་གནད་དོན་བཅས་ཧུར་ཐག་གིས་ཐག་གཅོད་བྱས་ཡོད་ཅིང་། ལྷག་པར་དུ་སྒྱུར་བཅོས་ཀྱི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་བར་དོ་སྣང་ཆེན་པོ་བྱས་ཡོད། གསུམ་ནི་སྒྱུར་བཅོས་ཀྱི་གཙོ་གནད་འབུར་དུ་བཏོད་དེ། སྒྱུར་བཅོས་ཀྱི་རང་མདངས་ངོམ་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པར་ཁྱོན་ཡོངས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་ཐོན་ཐུབ་པའི་ཡིག་ཆ་ཞིག་ཡིན་པས།ངེས་པར་དུ་གཙོ་གནད་སྔར་ལས་འབུར་དུ་བཏོད་པ་དང་།གཙོ་གནད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གྱི་སྟེང་དུ་འཇོག་པ་ལས།ཕྱོགས་སོ་སོའི་ཞིབ་ཕྲའི་བྱ་བའི་བྱེད་ཐབས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཏུ་གཏོང་མི་རུང་།《གཏན་འབེབས》ཀྱིས་སྒྱུར་བཅོས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ།འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་གཙིགས་འཛིན་དང་།གཙོ་གནད་ལེགས་པོར་བཟུང་ནས་ཁྱོན་ཡོངས་ལ་སྣེ་ཁྲིད་ཅིང་།སྒྲིག་སྲོལ་དང་རྐྱེན་སྲོལ་སྒྱུར་བཅོས་འབུར་དུ་བཏོད་པ་དང་།འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་འབུར་དུ་བཏོད་པ།དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་བཏོད་པ་བཅས་བྱེད་དགོས།བཞི་ནི་མི་དམངས་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ།རིན་ཐང་ལྟ་བ་བརྟན་པོར་འཛིན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་ཡང་ནན་གྱིས་བསྟན་དོན།མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པ་དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ཞིང་།སྒྱུར་བཅོས་ལེགས་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དག་མདོར་བསྡུས་ན་མི་དམངས་ཀྱིས་འཚོ་བ་བ་དང་།གནད་དོན་ལ་སྦྱར་ནས་སྒྱུར་བཅོས་བྱས་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་རྐྱེན་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་དགོས།《གཏན་འབེབས》ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགག་གནད་གནད་དོན་དང་།སྤྱི་ཚོགས་འདྲ་མཉམ་དྲང་བཞག་གི་ཚ་གནད་གནད་དོན།དམངས་འཚོའི་ཕྱོགས་ཀྱི་དཀའ་གནད་གནད་དོན། ཏང་འཛུགས་སྐྱོང་གི་འབུར་ཐོན་གནད་དོན།ཁྱབ་ཁོངས་སོ་སོའི་ཉེན་ཁའི་གནད་དོན་བཅས་ཧུར་ཐག་གིས་ཐག་གཅོད་བྱས་ཡོད་ཅིང་།ལྷག་པར་དུ་སྒྱུར་བཅོས་ཀྱི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་བར་དོ་སྣང་ཆེན་པོ་བྱས་ཡོད། གསུམ་ནི་སྒྱུར་བཅོས་ཀྱི་གཙོ་གནད་འབུར་དུ་བཏོད་དེ། སྒྱུར་བཅོས་ཀྱི་རང་མདངས་ངོམ་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པར་ཁྱོན་ཡོངས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་ཐོན་ཐུབ་པའི་ཡིག་ཆ་ཞིག་ཡིན་པས།ངེས་པར་དུ་གཙོ་གནད་སྔར་ལས་འབུར་དུ་བཏོད་པ་དང་།གཙོ་གནད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གྱི་སྟེང་དུ་འཇོག་པ་ལས།ཕྱོགས་སོ་སོའི་ཞིབ་ཕྲའི་བྱ་བའི་བྱེད་ཐབས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཏུ་གཏོང་མི་རུང་།《གཏན་འབེབས》ཀྱིས་སྒྱུར་བཅོས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ།འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་གཙིགས་འཛིན་དང་།གཙོ་གནད་ལེགས་པོར་བཟུང་ནས་ཁྱོན་ཡོངས་ལ་སྣེ་ཁྲིད་ཅིང་།སྒྲིག་སྲོལ་དང་རྐྱེན་སྲོལ་སྒྱུར་བཅོས་འབུར་དུ་བཏོད་པ་དང་།འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་འབུར་དུ་བཏོད་པ།དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་བཏོད་པ་བཅས་བྱེད་དགོས།བཞི་ནི་མི་དམངས་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ།རིན་ཐང་ལྟ་བ་བརྟན་པོར་འཛིན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་ཡང་ནན་གྱིས་བསྟན་དོན།མི་དམངས་ཀྱིས་མཛེས་སྡུག་འཚོ་བར་རེ་སྙེག་བྱེད་པ་དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ཞིང་།སྒྱུར་བཅོས་ལེགས་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དག་མདོར་བསྡུས་ན་མི་དམངས་ཀྱིས་འཚོ་བ་སྔར་ལས་སྐྱིད་པོ་རོལ་ཐུབ་རྒྱུ་དེ་ཡིན།《གཏན་འབེབས》ཀྱིས་མི་དམངས་མང་ཚོགས་ཀྱི་སྤྱིའི་ཁེ་ཕན་དང་།རྩ་བའི་ཁེ་ཕན།རྒྱང་རིང་ཁེ་ཕན་བཅས་གཙིགས་སུ་བཟུང་ནས་སྒྱུར་བཅོས་ལ་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། ལས་ཞུགས་དང་། འབབ་འཕར།སློབ་ཞུགས།སྨན་བཅོས།སྡོད་ཁང་།ལས་དོན་སྒྲུབ་པ།བྱིས་བཅོལ་རྒན་གསོ།དེ་མིན་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སོགས་མང་ཚོགས་ཀྱི་འཚུབ་དཀའ་སྐྱོ་རེའི་ཁྲོད་སྒྱུར་བཅོས་ཀྱི་ཤུགས་འདོན་ས་དང་འགག་བརྟོལ་ས་ཡང་དག་པར་འཚོལ་ཞིབ་དང་། དམངས་འཚོའི་སེམས་ཁྲལ་དང་དམངས་སེམས་གཏོད་སའི་སྒྱུར་བཅོས་བྱེད་ཐབས་ཧུར་ཐག་གིས་བཏོན་ནས།མི་དམངས་མང་ཚོགས་ལ་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་སྔར་ལས་མང་པོ་ཡོད་དུ་འཇུག་དགོས། ལྔ་ནི་མ་ལག་གཅིག་འདུ་གཙིགས་སུ་བཟུང་ནས། སྤྱིའི་འཆར་འགོད་ལ་ཤུགས་སྣོན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།ད་ལྟ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་འཆར་འགོད་བྱེད་དུས།བསམ་གཞིག་གཏོང་དགོས་པའི་འགལ་བ་སྣ་ཚོགས་དང་དེའི་འབྲེལ་བ་སྔར་ལས་རྙོག་འཛིང་ཆེ་བས།རྙོག་འཛིང་ཇི་ལྟར་ཆེ་ན།དེ་ལྟར་མ་ལག་གཅིག་བསྡུ་ལེགས་པོ་བྱེད་དགོས།《གཏན་འབེབས》ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ཡིན་པའི་ཆ་ནས། ཁྱོན་ཡོངས་ཀྱི་འདུ་ཤེས་དང་མ་ལག་གི་བསམ་གཞིག་ལ་བརྟེན་ནས་སྒྱུར་བཅོས་ལ་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་།སྒྱུར་བཅོས་བྱེད་ཐབས་སྣ་ཚོགས་ཀྱི་མཐུན་སྦྱོར་ཆ་སྡེབ་ལ་ཤུགས་བསྣན་ཏེ།ཁྱབ་ཁོངས་ཡོངས་དང་ཕྱོགས་སོ་སོའི་སྒྱུར་བཅོས་བྱེད་ཐབས་ཕྱོགས་གཅིག་ཏུ་ཤུགས་འདོན་པ་དང་མཉམ་ཤུགས་ཆགས་ནས་སྤྱིའི་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས།
(དྲུག)ཏང་ཀྲུང་དབྱང་གིས་ལོ་སྨད་ཀྱི་བྱ་བར་བཀོད་སྒྲིག་གལ་ཆེན་གནང་བར་ངོས་འཛིན་ཟབ་མོ་བྱེད་དགོས།
ལོ་སྨད་ཀྱི་ཕྱོགས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་རྒྱུ་དེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་ཕྱོགས4གཙོར་བཟུང་ནས་ནན་གྱིས་བསྟན་པ་སྟེ།གཅིག་ནི་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་བློ་བརྟན་འགྱུར་མེད་ཀྱིས་མངོན་འགྱུར་བྱེད་དགོས།ལོ་སྟོད་ལ།དཔལ་འབྱོར་བསྐྱར་འཕར་གྱི་རྣམ་པ་སྲ་བརྟན་དང་།ཡར་སྐྱེད་ཀྱི་རྒྱུ་རྐྱེན་ཇེ་མང་དུ་སོང་ནས།ཕྱོགས་སོ་སོའི་བློ་སྤོབས་ཇེ་དྲག་ཏུ་སོང་ཡོད།དུས་མཚུངས་སུ།དཔལ་འབྱོར་འཁོར་སྐྱོད་དེ་ཉིན་རེར་ཛ་དྲག་ཏུ་ཕྱིན་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འཕྲད་ཅིང་།དཀའ་ཁག་འགྲན་སློང་དང་གཏན་འཁེལ་མིན་པའི་རང་བཞིན་སྔར་བཞིན་མི་ཉུང་བས།ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལྟར་ཁ་གཏད་རང་བཞིན་ཆེ་བའི་བྱེད་ཐབས་སྤྱད་ནས་ཁ་གཏོད་དགོས། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ།རྒྱལ་ནང་གི་དགོས་མཁོ་ཧུར་ཐག་གིས་རྒྱ་སྐྱེད་པ་དང་།ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་བ།ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་མགྱོགས་མྱུར་གྱིས་གསོ་སྐྱོང་བྱེད་པ།ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།དམངས་འཚོ་དངོས་གནས་འགན་སྲུང་དང་ལེགས་བཅོས་བྱེད་པ།ལས་ཞུགས་ཀྱི་སྤྱི་འབོར་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མཉམ་དུ་གནས་པའི་གནད་དོན་ཐག་གཅོད།སྤྱི་ཚོགས་འགན་སྲུང་དྲ་རྒྱ་ཞིབ་རྒྱས་དང་བརྟན་པོར་གཏོང་བ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།གཉིས་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་ལེགས་པོ་བྱེད་དགོས།ས་ཁང་དང་།ས་གནས་སྲིད་གཞུང་གི་བུ་ལོན། དངུལ་རྩའི་ལས་ཁུངས་ཆུང་འབྲིང་སོགས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་དང་།བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ།རང་བྱུང་གནོད་འཚེ་དང་ནང་སྒོས་སུ་ཆུ་ལོག་གནོད་འཚེའི་ལྟ་ཞིབ་དང་འགོག་ཟོན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་ཉེན་ཁའི་འགོག་ཟོན་དྲ་རྒྱ་ཞིབ་རྒྱས་སུ་གཏོང་བ།སྤྱི་ཚོགས་བརྟན་བརླིང་ལ་དངོས་གནས་སྲུང་སྐྱོང་བཅས་བྱེད་དགོས།གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས།འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་ནུས་ལྡན་གྱིས་འགོག་སེལ་བྱེད་དགོས།ཕྱི་ཕྱོགས་ཀྱི་ཉེན་ཁའི་འགྲན་སློང་ལ་ནུས་ལྡན་གྱིས་ཁ་གཏད་དེ།ཕན་ཁེ་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་རང་འགུལ་གྱིས་སྐྲུན་དགོས།གསུམ་ནི“ལོ་ལྔའི་འཆར་འགོད”ཀྱི་སྤྱི་བསྡོམས་དཔྱད་འཇོག་དང་འཆར་འགོད་བྱ་བ་ལེགས་པོར་སྒྲུབ་དགོས།“ལྔའི་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་བྱས་པའི་གནས་ཚུལ་སྤྱི་བསྡོམས་དང་དཔྱད་འཇོག་བྱས་ཏེ།“ལྔའི་བཅོ་ལྔ་པའི”འཆར་འགོད་ཀྱི་དུས་སྔོན་འཆར་འགོད་བྱ་བ་དངོས་གནས་ལེགས་པོར་སྒྲུབ་དགོས། བཞི་ནི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་ལེགས་འཛིན་དང་།ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ནུས་ཤུགས་མཐོར་འདེགས་གཏོང་དགོས།ཁྱོན་ཡོངས་ནས་ཏང་ནན་སྐྱོང་མ་ལག་འཐུས་ཚང་སུ་གཏོང་བ་དང་། སྤྱོད་ཚུལ་དངོས་གནས་ལེགས་སྒྱུར།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་ཁྱད་དུ་གསོད་པ།གཞི་རིམ་གྱི་ཁུར་བོ་བསྟུད་མར་ཇེ་ཡང་དུ་གཏོང་བ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ།སྐོར་ཞིབ་བྱ་བ་ཏན་ཏིག་གིས་སྒྲུབ་པ་བཅས་བྱེད་དགོས།བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བཅས་བྱས་ཏེ།ཏང་གི་གསར་གཏོད་ནུས་པ་དང་།གཅིག་སྒྲིལ་ནུས་པ།འཐབ་རྩོད་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།
གསུམ་པ།《གཏན་འབེབས》ཀྱིས་བཏོན་པའི་ཁྱོན་ཡངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་གྱི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་ཡང་དག་པར་གོ་བ་ལེན་དགོས།
《གཏན་འབེབས》ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་།ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་འདིར་དམ་དུ་དམིགས་ནས་སྤེལ་ཞིང་།
(པར་ངོས7པར་གཟིགས།)(པར་ངོས6པར་མཐུད་པ།)མགོ་བརྗོད་དང་མཇུག་བྱང་ཕུད། དུམ་ཆེན་གསུམ་དང་ཁག15རུ་བགོས་ཡོད་པ་དང་། ཁྱབ་ཁོངས་དང་དོན་ཚན་གཙོར་བཟུང་ནས་བཀོད་སྒྲིག་བྱས་ཡོད།ཁག་དང་པོ་ནི་དུམ་ཆེན་དང་པོ་སྟེ་སྤྱི་གླེང་ཡིན།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ་གཙོར་བཟུང་ནས་རྒྱས་བཤད་བྱས་ཡོད།ཁག་གཉིས་པ་ནས་ཁག་བཅུ་བཞི་པའི་བར་ནི་དུམ་ཆེན་གཉིས་པ་སྟེ་ཞིབ་གླེང་གི་སྐོར་ཡིན་ཞིང་།དཔལ་འབྱོར་དང་།ཆབ་སྲིད།རིག་གནས།སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན།རྒྱལ་ཁབ་བདེ་འཇགས།རྒྱལ་སྲུང་དང་དམག་དཔུང་སོགས་ཕྱོགས་ཀྱི་སྒྱུར་བཅོས་བཀོད་སྒྲིག་བྱས་ཡོད།ཁག་བཅོ་ལྔ་པ་ནི་དུམ་ཆེན་གསུམ་པ་སྟེ།ཏང་གིས་སྒྱུར་བཅོས་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བཅས་ཀྱི་ཕྱོགས་གཙོ་བོར་གླེང་ཡོད།《གཏན་འབེབས》ཀྱི་ནང་དོན་དང་དོན་ཚན་མགོ་མཇུག་བར་གོ་རིམ་བསྒྲིགས་ནས་དོན་ཚན60བཀོད་ཡོད་ཅིང་། བསྡོམས་པ་སྒྱུར་བཅོས་བྱེད་ཐབས300ལྷག་བཏོན་ཡོད།
(གཅིག)དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་སྐོར།
《གཏན་འབེབས》ཀྱིས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱིས་སྣེ་ཁྲིད་དེ།དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་གཏོང་བའི“གནད་འགག”དམ་དུ་བཟུང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་ཧུར་ཐག་གིས་འཐུས་ཚང་དུ་བཏང་ཞིང་། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་འཕེལ་རྒྱས་སུ་བཏང་ཡོད།
གཅིག། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པའི་སྐོར།《གཏན་འབེབས》ཀྱིས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་རྒྱུ་དེ་འབུར་ཐོན་གྱི་གནས་སུ་བཞག་སྟེ།“གཡོ་འགུལ་མེད་པ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་དགོས་པར་བཏོན་པ་དང་།རྒྱལ་དབང་ཁེ་ལས་ཀྱི་སྲོག་ཤིང་སྤྱོད་ནུས་ཇེ་དྲག་དང་སྲོག་ཤིང་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བར་དམིགས་ནས།འབྲེལ་ཡོད་དོ་དམ་སྡེ་ཁག་སོ་སོའི་འཐབ་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ།རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་སྟོབས་ཆེར་དང་ལེགས་སྒྲུབ་ཆེར་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས་པར་བཏོན།དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དམིགས་ནས།དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་གཏན་འབེབས་དང་།དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ནང་ཞུགས་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་།ནུས་པ་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་མགོ་ཁྲིད་ནས་རྒྱལ་ཁབ་ཀྱི་ལག་རྩལ་འགག་སྒྲོལ་ལས་འགན་གལ་ཆེན་ཁུར་བར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས་པར་བཏོན།རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་པར་དམིགས་ནས།འདྲ་མཉམ་འགྲན་རྩོད་ཞིབ་བཤེར་གྱི་མཁྲེགས་གཤིས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་དང་འདྲ་མཉམ་འགྲན་རྩོད་ལ་འགོག་རྐྱེན་ཐེབས་པའི་གཏན་འབེབས་དང་བྱེད་ཐབས་སྣ་ཚོགས་གཙང་སེལ་བྱེད་པ། གཙོ་རྒྱུ་ཁྲོམ་རའི་ལམ་ལུགས་དང་སྒྲིལ་སྲོལ་འཐུས་ཚང་དུ་གཏོང་བ། འཁོར་རྒྱུག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བཏོན། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་དམིགས་ནས།ནུས་ལྡན་གྱི་ཤེས་བྱའི་ཐོན་དབང་ཕྱོགས་བསྡུས་དོ་དམ་སྒྲིག་སྲོལ་འཛུགས་པ་དང་།དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཐོན་དབང་དང་ཁྲིམས་མཐུན་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་འགན་འཁྲི་གཅིག་མཚུངས་དང་།ཉེས་པ་གཅིག་མཚུངས།ཆད་པ་གཅིག་མཚུངས་བཅས་བྱེད་པ།སྲིད་དབང་དང་ཉེས་དོན་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རྩོད་གཞི་ལ་ཐེ་གཏོགས་བྱེད་པ་བཀག་འགོག་དང་ཡོ་བསྲང་བྱེད་པ་སོགས་བྱེད་དགོས་པར་བཏོན།བྱེད་ཐབས་འདི་དག་གིས་སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྔར་ལས་སྐྱེད་ཐུབ་ངེས་ཡིན།
གཉིས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྒྱུར་བཅོས་ལ་སྣེ་ཁྲིད་པར་བརྟེན་ནས། འཕེལ་རྒྱས་གསར་པའི་དུས་མཚམས་ལ་གཞི་ཚུགས་པ་དང་།འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕགས་དང་ཚོད་འཛིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། དེར་བརྟེན།《གཏན་འབེབས》ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དང་།ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་ཀྱི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ།མ་འོངས་ཐོན་ལས་དངུལ་གཏོང་འཕར་སྣོན་གྱི་རྐྱེན་སྲོལ་འཛུགས་པ།རྒྱལ་ཁབ་ཀྱི་ཚད་གཞི་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར་མཐོར་འདེགས་གཏོང་བ།སྔོན་ཐོན་གྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ཐོན་སྐྱེད་ནུས་ཤུགས་གསར་པ་གོང་དུ་སྤེལ་བའི་ཕྱོགས་འདུ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བཏོན་པ་དང་། དངོས་གཟུགས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་གཏིང་ཟབ་ཏུ་འདྲེས་སྦྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་པ།གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་སྲིད་ཇུས་མ་ལག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བཏོན།ཞབས་ཕྱིའི་ལས་རིགས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་།ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་འདྲེས་སྦྱོར་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད།འཚོ་བའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་སྣ་མང་ཅན་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བྱེད་དགོས་པར་བཏོན།གསར་རྣམ་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་ཚད་ལྡན་མ་ལག་འཛུགས་པ་དང་།གསར་རྣམ་རྨང་གཞིའི་སྒྲིག་བཀོད་འདྲེས་སྦྱོར་ངང་བེད་སྤྱོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་གྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བྱེད་དགོས་པར་བཏོན།ཐོན་ལས་རྒྱལ་ནང་དུ་སྐས་རིམ་གོ་རིམ་ལྡན་པའི་སྒོ་ནས་སྤོ་སྒྱུར་བྱེད་པའི་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།རྒྱལ་ཁབ་འཐབ་ཇུས་ཀྱི་དཀྱིལ་གནས་འཛུགས་སྐྲུན་དང་གཙོ་གནད་ཐོན་ལས་གྲབས་འགོད་བྱེད་པ།ཐོན་ལས་ཕྲེང་སྦྲེལ་དང་མཁོ་འདོན་ཕྲེང་སྦྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་ཀྱི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་བཅས་བྱེད་དགོས་ཚུལ་བཏོན་ཡོད།
གསུམ།ཁྱོན་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཛུགས་པའི་སྐོར།སློབ་གསོ་དང་།ཚན་རྩལ།ཤེས་ལྡན་པ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན།སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཐད་ནས།《གཏན་འབེབས》ཀྱིས་རིགས་བཀར་ནས་མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་སྐུལ་འདེད་དང་།ཚན་རྩལ་འཕེལ་རྒྱས་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོས་སྣེ་དྲངས་པའི་རིག་ཚན་སྒྲིག་བཀོད་ལེགས་སྒྲིག་གི་རྐྱེན་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཛུགས་པ།མྱུར་མཁོའི་རིག་ཚན་ཆེད་ལས་རྒྱུན་ལྡན་ལས་བརྒལ་ནས་བཀོད་ཁྱབ་གཏོང་བ་བཅས་དང་།མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་རྐྱེན་སྲོལ་འཐུས་ཚང་དང་། གྲུབ་འབྲས་གཞན་སྒྱུར་གྱི་ཕན་ནུས་མཐོར་འདེགས།འོས་འགན་སློབ་གསོའི་སྤུས་ལེགས་དོ་སྙོམས་ཀྱི་སྐུལ་སྤེལ་རྐྱེན་སྲོལ་འཐུས་ཚང་དང་།རིན་མེད་སློབ་གསོའི་ཁྱབ་ཁོངས་རིམ་བཞིན་རྒྱ་སྐྱེད་དང་འཚོལ་ཞིབ་བཅས་བྱེད་དགོས་པར་བཏོན་པ་དང་།ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཐད་ནས།ཚན་རྩལ་འཆར་གཞི་དོ་དམ་ལེགས་བཅོས་དང་། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་དང་།སྣོལ་སྡེབ་སྔོན་གྲལ་ཁྱབ་ཁོངས།གཙོ་གནད་ཁྱབ་ཁོངས་བཅས་ཀྱི་སྔོན་མཐོང་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཀོད་ཁྱབ་ལ་ཤུགས་སྣོན་པ།ནོར་སྲིད་ཚན་ཞིབ་ལས་གཞིའི་གྲོན་དངུལ“འགན་ལེན་ལམ་ལུགས”ཀྱི་ཁྱབ་ཁོངས་རྒྱ་སྐྱེད་ནས། ཚན་ཞིབ་དོན་ལས་སྡེ་ཚན་གྱིས་སྤྱིར་བཏང་དོན་ལས་སྡེ་ཚན་ལས་སྔར་ལས་སྟབས་བསྟུན་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱ་ཆོག་པ་དང་།ཁེ་ལས་ཅན་གྱི་དོ་དམ་འཚོལ་ཞིབ་ལག་བསྟར་བྱེད་པ།ཚན་རྩལ་མི་སྣར་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཡོང་སྒོ་བགོ་བཤའི་ཐད་རང་དབང་དབང་ཆ་སྔར་ལས་ཆེ་བ་ཡོད་པ་དང་། གོ་གནས་ཚན་རྩལ་གྲུབ་འབྲས་ཀྱི་རྒྱུ་ནོར་རྐྱང་སྒྲིག་དོ་དམ་ལམ་ལུགས་འཛུགས་པ། གོ་གནས་ཚན་རྩལ་གྲུབ་འབྲས་ཀྱི་དབང་སྤྲོད་སྒྱུར་བཅོས་ཟབ་སྤེལ་བཅས་བྱེད་དགོས་པར་བཏོན།ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་སྒྱུར་བཅོས་བྱེད་པའི་ཐད་ནས།ན་གཞོན་གསར་གཏོད་ཤེས་ལྡན་པ་འཚོལ་རྙེད་དང་།འདེམ་བསྐོ།གསོ་སྐྱོང་རྐྱེན་སྲོལ་བཅས་འཐུས་ཚང་དང་།ན་གཞོན་ཚན་རྩལ་མི་སྣའི་ཐོབ་སྐལ་སྔར་ལས་འགན་སྲུང་བྱེད་པ།མི་སྤྱོད་མཁན་བྱེད་པོར་དབང་ཆ་སྤྲོད་པ་དང་ཤེས་ལྡན་པའི་འཆིང་ཐག་ལྷོད་པ་རྒྱུན་འཁྱོངས།རྒྱལ་ཕྱིའི་ཤེས་ལྡན་པ་ནང་འདྲེན་གྱི་རྒྱབ་སྐྱོར་དང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་།ལག་རྩལ་མཐོ་བའི་ཤེས་ལྡན་པའི་ཡུལ་སྤོ་ལམ་ལུགས་འཚོལ་ཞིབ་གསར་འཛུགས་བཅས་བྱེད་དགོས་པར་བཏོན་ཡོད།
བཞི།སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བའི་སྐོར། ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམ་སྒྲིག་དང་ནུས་ལྡན་གྱི་སྲིད་གཞུང་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ལེགས་ཆ་འདོན་སྤེལ་བྱེད་པའི་ནང་གནས་བླང་བྱ་ཡིན།《གཏན་འབེབས》ཀྱིས་སྤྱི་ཁོག་སྙོམ་སྒྲིག་གི་ལམ་ལུགས་མ་ལག་ངེས་པར་དུ་འཐུས་ཚང་དང་།ནོར་ཁྲལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས།སྤྱི་ཁོག་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པར་བཏོན།《གཏན་འབེབས》ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་འདོམས་མཐུན་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་བྱས་ནས།རྒྱལ་ཁབ་ཀྱི་འཐབ་ཇུས་གཏན་འབེབས་དང་ལག་བསྟར་རྐྱེན་སྲོལ་འཛུགས་པ་དང་།རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་འཛུགས་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བསྡོམས་རྩིས་དམིགས་ཚད་བཤེར་རྩིས་མ་ལག་འཐུས་ཚང་དུ་འཛུགས་པ།རྒྱལ་སྤྱིའི་སྤྱི་ཁོག་སྲིད་ཇུས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བྱེད་དགོས་པར་བཏོན།ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་དང་།ས་གནས་གཞི་རིམ་གྱི་ནོར་སྲིད་འགན་སྲུང་ལ་ཁ་གཏད་དེ།《གཏན་འབེབས》ཀྱིས་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས།ས་གནས་ཀྱི་རང་བདག་ནོར་ཤུགས་ཁ་སྣོན་དང་།ས་གནས་ཁྲལ་ཁུངས་རྒྱ་སྐྱེད།ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་རྒྱབ་སྐྱོར་ཁྱབ་ཁོངས་ལུགས་མཐུན་གྱིས་རྒྱ་སྐྱེད།ཀྲུང་དབྱང་གི་དོན་དབང་ལ་ལུགས་མཐུན་གྱིས་ཤུགས་སྣོན་དང་ཀྲུང་དབྱང་ནོར་སྲིད་འགྲོ་སྒོའི་བསྡུར་ཚད་མཐོར་འདེགས་གཏོང་རྒྱུ་བཅས་བྱེད་དགོས་པར་བཏོན་ཡོད། དངུལ་རྩའི་ཞབས་ཕྱིའི་སྤུས་ནུས་མཐོར་འདེགས་གཏོང་བར་དམིགས་ནས།《གཏན་འབེབས》ཀྱིས་ཀྲུང་དབྱང་དངུལ་ཁང་གི་ལམ་ལུགས་མགྱོགས་མྱུར་གྱིས་འཐུས་ཚང་དང་།དངུལ་རྩའི་ལས་ཁུངས་ཀྱི་ངེས་གནས་དང་བཅོས་སྐྱོང་འཐུས་ཚང་།དངོས་གཟུགས་དཔལ་འབྱོར་གྱི་ཞབས་ཕྱིའི་སྐུལ་ལྕགས་དང་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་།དངུལ་གཏོང་དང་དངུལ་སྡུད་ཕན་ཚུན་མཐུན་སྦྱོར་གྱི་མ་རྩ་ཁྲོམ་རའི་སྤྱོད་ནུས་འཐུས་ཚང་།དངུལ་རྩའི་ལྟ་སྡོམ་མ་ལག་འཐུས་ཚང་།སྒོ་འབྱེད་ཆ་རྐྱེན་འོག་གི་དངུལ་རྩ་བདེ་འཇགས་ཀྱི་རྐྱེན་སྲོལ་ལ་ཤུགས་སྣོན་བཅས་བྱེད་དགོས་པར་བཏོན་ཡོད།《གཏན་འབེབས》ཀྱིས་ད་དུང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་རྐྱེན་སྲོལ་འཐུས་ཚང་དང་།ལེགས་ཆ་གསབ་རེས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་ཁྱབ་དང་རྒྱལ་ཁོངས་བར་སྟོང་མ་ལག་འཛུགས་པ་བཅས་བྱེད་དགོས་པར་བཏོན་ཡོད།
ལྔ།མཁར་ཤང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར།《གཏན་འབེབས》ཀྱིས་གསར་རྣམ་བཟོ་ལས་ཅན་དང་།གསར་རྣམ་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཅིག་འདོམས་བྱས་ཏེ།མཁར་ཤང་མཉམ་དུ་དར་སྤེལ་གཏོང་བར་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་སྐོར་ཞིག་བཏོན་ཡོད་དེ།དཔེར་ན།རྒྱུན་སྡོད་བྱེད་སས་ཁྱིམ་ཐོ་ཐོ་འགོད་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཕྱི་འདོན་སྤྲོད་བྱེད་པའི་ལམ་ལུགས་ཁྱབ་སྤེལ་བྱེད་པ་དང་།ཆ་རྐྱེན་དང་མཐུན་པའི་ཞིང་ལས་གཞན་སྤོ་མི་གྲངས་ཀྱི་སྤྱི་ཚོགས་འགན་བཅོལ་དང་།སྡོད་ཁང་འགན་སྲུང་།མཉམ་སྤོས་བུ་ཕྲུག་གི་འོས་འགན་སློབ་གསོ་སོགས་གནས་སྤོ་ཡུལ་ཐེམ་ཁོངས་མི་གྲངས་དང་གཅིག་མཚུངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཆོག་པར་སྐུལ་འདེད་དང་། ཁྲིམས་ལྟར་གྲོང་སྐྱོད་གཞིས་ཆགས་ཞིང་པའི་ས་ཞིང་འགན་གཙང་དབང་ཆ་དང་།ཁང་ས་སྤྱོད་དབང་།ཐུན་མོང་ཡོང་སྒོ་བགོ་བཤའི་དབང་ཆ་བཅས་ལ་སྲུང་སྐྱོང་བཅས་བྱེད་དགོས་པར་བཏོན།དེ་མིན།《གཏན་འབེབས》ཀྱིས་ཞིང་སྡེའི་གཞི་རྩའི་ལས་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དང་།ཞིང་སྟོབས་ཞིང་ཕན་ཞིང་ཕྱུགས་ཀྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་།ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བཅས་ལ་དམིགས་ནས་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
དྲུགཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར།སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་མཚོན་རྟགས་ཤིག་ཡིན་པས།ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྩ་བའི་རྒྱལ་ཇུས་ངེས་པར་དུ་རྒྱུན་འཁྱོངས་དང་།(པར་ངོས8པར་གཟིགས།)(པར་ངོས7པར་མཐུད་པ།)སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་།རང་རྒྱལ་གྱི་གཞི་རྒྱ་ཆེ་བའི་ཁྲོམ་རའི་ལེགས་ཆ་ལ་བརྟེན་ནས།རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་པའི་ཁྲོད་སྒོ་འབྱེད་ཀྱི་ནུས་པ་མཐོར་འདེགས་དང་།ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་དགོས།《གཏན་འབེབས》ནང་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་དང་།རྒྱལ་སྤྱིའི་ཚད་གཞི་མཐོ་བའི་ཚོང་གཉེར་སྒྲིག་སྲོལ་ལ་རང་རྟོགས་ཀྱིས་མཐུད་སྦྲེལ་བྱེད་པ།ཐོན་དབང་སྲུང་སྐྱོབ་དང་ཐོན་ལས་ཁ་གསབ།ཁོར་ཡུག་ཚད་གཞི།ངལ་རྩོལ་སྲུང་སྐྱོབ།སྲིད་གཞུང་ཉོ་སྒྲུབ།གློག་རྡུལ་ཚོང་དོན།དངུལ་རྩའི་ཁྱབ་ཁོངས་སོགས་སུ་སྒྲིག་སྲོལ་དང་།སྒྲིག་ལམ།དོ་དམ།ཚད་གཞི་བཅས་ཕན་ཚུན་མཐུན་འབྲེལ་བཅས་བྱས་ཏེ།གསལ་ཞིང་བརྟན་པའི་སྔོན་དཔག་ཐུབ་པའི་ལམ་ལུགས་ཀྱི་ཁོར་ཡུག་སྐྲུན་དགོས་པ་དང་།ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་།ཚོང་ལས་སྟོབས་ལྡན་རྒྱལ་ཁབ་ཀྱི་ལམ་ལུགས་འདེགས་སྐྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་སྐྲུན་པ།ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་སྒྱུར་བཅོས་ཇེ་མགྱོགས་སུ་སྤེལ་བ།འགག་སྒྲོལ་དང་།ཁྲལ་དོན།ཕྱི་དངུལ་སོགས་ལྟ་སྡོམ་གསར་གཏོད་ལ་སྐུལ་འདེད།ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་བར་ཕན་པའི་ལམ་ལུགས་ཀྱི་ཁོར་ཡུག་སྐྲུན་བཅས་བྱེད་དགོས།ཕྱི་ཚོང་དངུལ་གཏོང་དང་ཕྱི་ཕྱོགས་དངུལ་གཏོང་གི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་།ཕྱི་ཚོང་དངུལ་གཏོང་ཟབ་སྤེལ་བྱས་ཏེ་སྒྲིག་སྲོལ་དང་རྐྱེན་སྲོལ་སྒྱུར་བཅོས་ལ་སྐུལ་འདད་གཏོང་བ།ཕྱི་ཕྱོགས་དངུལ་གཏོང་ལ་སྐུལ་འདེད་དང་འགན་སྲུང་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་དང་།སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་བརྟེན་རེས་ཀྱི་ཁྱོན་ཡོངས་སྒོ་འབྱེད་རྣམ་པ་མགྱོགས་མྱུར་གྱིས་ཆགས་སུ་འཇུག་པ་བཅས་བྱེད་དགོས་པ་དང་།སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྐྱེན་སྲོལ་འཐུས་ཚང་དང་སྐུལ་འདེད་གཏོང་བ་དང་།མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་གལ་ཆེན་དང“ཆུང་ཞིང་མཛེས་པའི”དམངས་འཚོའི་ལས་གཞི་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བཏོན་ཡོད།
(གཉིས། )དམངས་གཙོ་དང་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་སྐོར།
གཅིག བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་ཏེ།བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་།ཚད་ལྡན་ཅན།གོ་རིམ་ཅན་བཅས་སུ་ཕྱོགས་ཡོངས་ནས་སྐུལ་འདེད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་ལས་འདོན་སྤེལ།སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གཏན་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་དགོས་པར་བཏོན།《གཏན་འབེབས》ཀྱིས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་ཚང་དུ་འཛུགས་པར་བཀོད་སྒྲིག་གལ་ཆེན་གནང་ཞིང་།མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་།གྲོས་མོལ་དམངས་གཙོའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ།གཞི་རིམ་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་འཐུས་ཚང་བཅས་གཏོང་བར་དམིགས་ནས་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཏོན།དམངས་ཆེན་གྱིས་སྲིད་འཛིན་ལས་ཁུངས་དང་།ལྟ་ཞིབ་ལས་ཁུངས།འདྲི་གཅོད་ལས་ཁུངས།ཞིབ་དཔྱོད་ལས་ཁུངས་བཅས་ལ་ལྟ་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་། དམངས་འདུན་སྡུད་པ་དང་དམངས་བློ་གཅིག་འདུའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ།གཏིང་ཟབ་གྲོས་མོལ་མཉམ་འགུལ་དང་།བསམ་འཆར་ལྷུག་བརྗོད།ངོས་འཛིན་རྒྱ་ཆེར་གཅིག་བསྡུ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ། གཞི་རིམ་དམངས་གཙོའི་ལམ་ལུགས་ཀྱི་མ་ལག་དང་བྱ་བའི་མ་ལག་འཐུས་ཚང་།གཞི་རིམ་གྱི་རྩ་འཛུགས་སོ་སོ་དང་མང་ཚོགས་གོ་རིམ་ལྡན་པའི་ངང་གཞི་རིམ་བཅོས་སྐྱོང་དུ་ཐེ་ཞུགས་ཀྱི་ལམ་བུ་རྒྱ་སྐྱེད་པ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུང་ཚང་དུ་འཛུགས་པ།ཏང་ཕྱིའི་འཐུས་མིའི་དཔུང་སྡེ་འཛུགས་སྐྱོང་ལམ་ལུགས་འཐུས་ཚང་དུ་འཛུགས་པ།ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་ཆབ་སྲིད་སྣེ་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་འདུས།
གཉིས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ།《གཏན་འབེབས》ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དེ་ཆུ་ཚད་སྔར་ལས་མཐོ་རུ་སྐུལ་འདེད་གཏོང་བར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་གི་གཙོ་གནད་ལས་འགན་གསལ་བོར་བསྟན་ཡོད།ཁྲིམས་འཛུགས་ཁྱབ་ཁོངས་སྒྱུར་བཅོས་ཟབ་སྤེལ་དང་།རྩ་ཁྲིམས་ལྟེ་བར་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དང་།རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་གྱི་ལམ་ལུགས་མ་ལག་འཐུས་ཚང་དུ་འཛུགས་པ་བཅས་དང་།སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་།གཞི་རིམ་ཕྱོགས་བསྡུས་ཁྲིམས་བསྟར་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་།སྲིད་འཛིན་ཁྲིམས་བསྟར་ལྟ་ཞིབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ།སྲིད་འཛིན་ཆད་གཅོད་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲུན་གཅོད་དབང་ཆའི་གཞི་རྩའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས།ལྟ་ཞིབ་ལས་ཁུངས་དང་།སྤྱི་བདེ་ལས་ཁུངས།ཞིབ་དཔྱོད་ལས་ཁུངས།འདྲི་གཅོད་ལས་ཁུངས།ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་སོ་སོའི་འགན་འཁྲི་ཁུར་ནས་ལྟ་ཞིབ་དབང་ཆ་དང་། མྱུལ་ཞིབ་དབང་ཆ། ཞིབ་དཔྱོད་དབང་ཆ།འདྲི་གཅོད་དབང་ཆ།ལག་བསྟར་དབང་ཆ་བཅས་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་ཚོད་འཛིན་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་།སྤྱི་དམངས་ཀྱི་མི་ལུས་དབང་ཆའི་བཙན་ཤེད་བྱེད་ཐབས་དང་།དེ་མིན་སྒོ་ཐེལ་རྒྱག་པ་དང་།བཀག་ཉར།བཀག་སྐྱིལ་སོགས་བཙན་ཤེད་བྱེད་ཐབས་དང་འབྲེལ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མཁར་ཤང་ལ་ཁེབས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་འཛུགས་པ་དང་།ཁྲིམས་རྩོད་པའི་ལམ་ལུགས་དང་།གཞུང་དཔང་སྒྲིལ་སྲོལ། ཁྲུན་གཅོད་ལམ་ལུགས།འདུམ་འགྲིག་ལམ་ལུགས། ཁྲིམས་འཛིན་གསལ་འབྱེད་ཀྱི་དོ་དམ་སྒྲིག་སྲོལ་བཅས་སྒྱུར་བཅོས་ཟབ་སྤེལ་བཅས་བྱེད་དགོས་པར་བཏོན།《གཏན་འབེབས》ཀྱིས་ད་དུང་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་བཀོད་སྒྲིག་གནང་སྟེ།ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་ཁྲིམས་སྐྱོང་ལག་བསྟར་མ་ལག་འཐུས་ཚང་དང་།ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་འབྲེལ་གཏིང་ཇེ་ཟབ།རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་ནང་ཧུར་ཐག་གིས་ཐེ་ཞུགས་བཅས་བྱེད་དགོས་པར་བཏོན།
(གསུམ།)རིག་གནས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་སྒྱུར་བཅོས་བྱེད་པའི་སྐོར།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་ཡིན།《གཏན་འབེབས》ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་ལམ་ལུགས་འཐུས་ཚང་དང་།རིག་གནས་ཞབས་ཕྱི་དང་རིག་གནས་ཐོན་རྫས་མཁོ་སྤྲོད་རྐྱེན་སྲོལ་ལེགས་སྒྱུར།དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་པ།ཕན་ནུས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་བརྒྱུད་སྒྲོག་མ་ལག་འཛུགས་པ་བཅས་ཕྱོགས4ཡི་ཐད་ནས་བཀོད་སྒྲིག་གནང་ཡོད།དཔེར་ན།ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཁ་གཏད་དེ།ཡོངས་འདུས་སྨྱན་སྦྱོར་གྱི་ཐོན་སྐྱེད་བརྒྱུད་སྒྲོག་དང་འཚམ་མཐུན་ཡོང་བའི་བྱ་བའི་རྐྱེན་སྲོལ་དང་དཔྱད་འཇོག་མ་ལག་བསྐྲུན་པ་དང་།གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་དགོས་པར་བཏོན་པ་དང་།རིག་རྩལ་བརྩམས་ཆོས་སྔར་ལས་མང་ཞིང་སྔར་ལས་ལེགས་པོ་བསྐྲུན་པར་དམིགས་ནས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་།གྲུབ་འབྲས་ལོན་པ་དང་ཤེས་ལྡན་པ་འབྱུང་བ་ཕན་ཚུན་ཟུང་འབྲེལ།བརྩམས་ཆོས་ལེགས་འཛིན་དང་ཁོར་ཡུག་ལེགས་འཛིན་ཕན་ཚུན་མཐུད་འབྲེལ་བཅས་བྱས་ནས།རིག་རྩལ་གསར་རྩོམ་གྱི་ཐོན་སྐྱེད་ཞབས་ཕྱི་དང་།ཁྲིད་སྟོན།རྩ་འཛུགས་བཅས་ཀྱི་བྱ་བའི་རྐྱེན་སྲོལ་ལེགས་བཅོས་བཅས་བྱེད་དགོས་པར་བཏོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་ནན་གྱིས་བསྟན་པའི་རང་གི་ཚེ་སྲོག་ལ་གཅེས་པ་བཞིན་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ལེགས་པོ་བྱ་ཆེད།རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བྱ་བའི་མཐུན་སྦྱོར་སྒྲིག་གཞི་འཛུགས་པ་དང་།རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ལམ་ལུགས་འཛུགས་པ།རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་གཅིག་གྱུར་ལྟ་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བཏོན།སྦྲེལ་དྲའི་ཁྱབ་ཁོངས་སུ་གནས་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་དེ།དྲ་རྒྱའི་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་།དྲ་རྒྱའི་ནང་དོན་འཛུགས་སྐྱོང་དང་དོ་དམ་འགན་ནུས་སྡེབ་སྒྲིགགསར་འགྱུར་དྲིལ་བསྒྲགས་དང་དྲ་རྒྱའི་གླེང་ཕྱོགས་གཞི་གཅིག་ཅན་གྱི་དོ་དམ་ལ་སྐུལ་འདེད་བཅས་བྱེད་དགོས་པར་བཏོན། རྒྱལ་སྤྱིའི་བརྒྱུད་སྒྲོག་ཕན་ནུས་ཇེ་དྲག་ཏུ་གཏོང་བའི་དགོས་གལ་ཆེན་པོར་འཚམ་མཐུན་ཡོང་ཆེད།རྒྱལ་སྤྱིའི་བརྒྱུད་སྒྲོག་རྣམ་པ་བསྐྱར་འཛུགས་ལ་སྐུལ་འདེད་དང་།གཙོ་རྒྱུན་སྨྱན་སྦྱོར་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་རྐྱེན་སྲོལ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱེད་པ།ཐབས་ལམ་མང་པོ་དང་ལངས་གཟུགས་རྣམ་པའི་ཕྱི་ཕྱོགས་བརྒྱུད་སྒྲོག་གི་རྣམ་པ་མགྱོགས་མྱུར་གྱིས་འཛུགས་པ་བཅས་བྱེད་དགོས་པར་བཏོན།
(བཞི།)དམངས་འཚོ་དང་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་མ་ལག་སྒྱུར་བཅོས་བྱེད་པའི་སྐོར།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་འཛུགས་རྒྱུ་ནི་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཡིན་པས།《གཏན་འབེབས》ཀྱིས་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་དང་།བདེ་རྩར་ཐུག་ཤོས།ཉེ་བར་མཁོ་ཤོས་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་པར་དམིགས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་མི་ཉུང་བ་ཞིག་བཏོན་ཡོད་དེ།གཅིག་ནི་ཡོང་སྒོ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཐད་ནས།ཐོག་མའི་བགོ་བཤའ་དང་།བསྐྱར་བགོ།ཐེངས་གསུམ་པའི་བགོ་བཤའ་བཅས་མཐུན་སྦྱོར་ཆ་སྡེབ་ཀྱི་ལམ་ལུགས་མ་ལག་བསྐྲུན་པ་དང་། ངལ་རྩོལ་པའི་གླ་ཕོགས་གཏན་འབེབས་དང་།ལུགས་མཐུན་གྱི་འཕར་སྣོན།གཏོང་སྤྲོད་འགན་སྲུང་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས།ཡོང་སྒོ་དམའ་བའི་ཚོགས་སྤྱིའི་ཡོང་སྒོ་ནུས་ལྡན་གྱིས་འཕར་སྣོན་དང་། ཡོང་སྒོ་འབྲིང་རིགས་ཚོགས་སྤྱིའི་གཞི་རྒྱ་བརྟན་པོའི་ངང་རྒྱ་སྐྱེད་པ།ཡོང་སྒོ་ཚད་བརྒལ་རིགས་ལ་ལུགས་མཐུན་གྱིས་ལེགས་སྒྲིག་བྱེད་པ་བཅས་ཀྱི་ལམ་ལུགས་མ་ལག་ཆགས་སུ་འཇུག་དགོས་པར་བཏོན།གཉིས་ནི་ལས་ཞུགས་སྔར་འཇོག་སྲིད་ཇུས་འཐུས་ཚང་དུ་གཏོང་བའི་ཐད་ནས།སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཀྱི་སྐུལ་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་།ཚེ་གང་བོའི་ལས་རིགས་ནུས་རྩལ་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་འཛུགས་པ།མཁར་ཤང་གི་ལས་ཞུགས་སྲིད་ཇུས་མ་ལག་གཅིག་འདོམས་བྱེད་པ།གོ་སྐབས་འདྲ་མཉམ་ཡོང་བར་སྐུལ་འདེད་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པར་བཏོན།གསུམ་ནི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པའི་ཐད་ནས།སྐབས་བསྟུན་ལས་ཞུགས་མི་སྣ་དང་།གླ་རྒྱག་ཞིང་པ།ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་།ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་པར་ཁྱིམ་ཐོ་ཚོད་འཛིན་བྱེད་པ་ཕྱོགས་ཡོངས་ནས་མེད་པར་བཟོ་བ།སྤྱི་ཚོགས་འགན་སྲུང་འབྲེལ་བ་གཞན་སྤོ་རྒྱུན་མཐུད་ཀྱི་སྲིད་ཇུས་འཐུས་ཚང་དང་།གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་བ།སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཟབ་སྤེལ།འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་ལ་ཤུགས་སྣོན་བཅས་བྱེད་དགོས་པར་བཏོན།བཞི་ནི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་གཏོང་བའི་ཐད་ནས།སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཤོང་སྐྱེད་གཤམ་སྐྱོད་དང་ས་ཁོངས་དོ་སྙོམས་བཀོད་ཁྱབ་ལ་སྐུལ་སྤེལ་དང་།དམ་ཚགས་ཅན་གྱི་སྨན་བཅོས་འབྲེལ་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད།སྨན་བཅོས་ཞབས་ཕྱི་གཙོ་ཁྲིད་དུ་གྱུར་པའི་རིན་ལེན་རྐྱེན་སྲོལ་འཛུགས་པ།
(ལྔ། )སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་སྐོར།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་ཀྲུང་ཧྭ་མི་རིགས་ཡུན་མཐུད་འཕེལ་རྒྱས་དང་འབྲེལ་བའི་གཞི་རྩའི་ཇུས་ཆེན་དུ་བརྩིས་ནས།སྔ་ན་མེད་པའི་ནུས་ཤུགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་།དཀྱོག་མཚམས་རང་བཞིན།ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་།
(པར་ངོས9པར་གཟིགས།)(པར་ངོས8པར་མཐུད་པ།)《གཏན་འབེབས》ཀྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་ སྤེལ་བྱེད་པར་དམིགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་འཐུས་ཚང་དང་།སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་པ།ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་སོགས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ།ས་ཁོངས་དབྱེ་ནས་ཁྱད་པར་ཅན་དང་ཚགས་དམ་ལྟ་སྡོམ་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ལམ་ལུགས་ལག་བསྟར་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་ནོར་ཁྲལ་དང་།དངུལ་རྩ།དངུལ་གཏོང་།རིན་གོང་སྲིད་ཇུས་དང་ཚད་ལྡན་མ་ལག་བཅས་ལག་བསྟར་ བྱེད་པ། ཐོན་ཁུངས་སྤྱི་འབོར་དོ་དམ་དང་ཕྱོགས་ཡོངས་གྲོན་ཆུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། གསར་རྣམ་ནུས་ཁུངས་མ་ལག་མགྱོགས་མྱུར་གྱིས་འཆར་འགོད་དང་འཛུགས་སྐྲུན་བྱེད་པ།ཐཱན་འབུད་གཏོང་བསྡོམས་རྩིས་དང་བཤེར་རྩིས་མ་ལག་དང་།ཐོན་རྫས་ཀྱི་ཐཱན་མཚོན་རྟགས་བདེན་བཤེར་ལམ་ལུགས།ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་འཛུགས་པ་བཅས་བྱེད་དགོས་པར་བཏོན།
(དྲུག)རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་རྐྱེན་སྲོལ་སྒྱུར་བཅོས་བྱེད་པའི་སྐོར།
རྒྱལ་ཁབ་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་རྨང་གཞི་གལ་ཆེན་ཡིན་པས།《གཏན་འབེབས》ཀྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གནས་སུ་བཞག་སྟེ།རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་དམིགས་ནས།མཉམ་འགུལ་ནུས་ཆེའི་རྒྱལ་ཁབ་བདེ་འཇགས་འགོག་སྲུང་མ་ལག་བཙུགས་ནས། རྒྱལ་ཁབ་བདེ་འཇགས་ལ་ཚན་རྩལ་གྱི་ནུས་པ་འདོན་པར་སྐུལ་འདེད་གཏོང་བ་དང་།ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཆེན་པོ་ཐག་གཅོད་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ།མིའི་ཐབས་རིག་ནུས་ཀྱི་བདེ་འཇགས་ལྟ་སྡོམ་ལམ་ལུགས་འཛུགས་པ།རྒྱལ་ཡོངས་གཅིག་གྱུར་གྱི་མི་གྲངས་དོ་དམ་ལམ་ལུགས་འཚོལ་ཞིབ་གསར་འཛུགས།འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།སྤྱི་ཚོགས་བཅོས་སྐྱོང་གི་སྤྱིའི་འགོག་ཟོན་མ་ལག་འཐུས་ཚང་དུ་བཏང་ནས།མང་ཚོགས་བསམ་འཆར་ཆེ་བའི་ཁྲིམས་འགལ་ཉེས་གསོག་བྱ་འགུལ་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ།མཐའ་འཁོར་བདེ་འཇགས་ཀྱི་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ།བཀག་སྡོམ་ལ་ངོ་རྒོལ་དང་།ཐེ་གཏོགས་ལ་ངོ་རྒོལ།“དཔུང་རིང་ཇུས་གཏོགས”ལ་ངོ་རྒོལ་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་གསར་འཛུགས་བཅས་བྱེད་དགོས་པར་བཏོན།དུས་མཚུངས་སུ།《གཏན་འབེབས》ཀྱི་ནང་དུ་དཔལ་འབྱོར་དང་།དངུལ་རྩ།ཕྱི་ཕྱོགས་སྒོ་འབྱེད།ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྱོང་སོགས་འབྲེལ་ཡོད་ཁག་གཞན་དག་གི་སྐོར་ནས་ཀྱང་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་དང་།སྒོ་འབྱེད་དང་བདེ་འཇགས་གཅིག་འདོམས་ཀྱི་བླང་བྱ་མཚོན་རྒྱུ་གཙིགས་སུ་བཟུང་ནས།འབྲེལ་ཡོད་ཁྱབ་ཁོངས་སུ་བླང་བྱ་འདི་དོན་འཁྱོལ་བྱེད་པར་བབ་མཐུན་གྱི་ཆ་སྡེབ་སྒྱུར་བཅོས་བྱེད་ཐབས་བཏོན་ཡོད་པ་རེད།
(བདུན།)རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་སྐོར།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་ཆོད་སེམས་དང་ནུས་ཤུགས་ལ་བརྟེན་ནས།ཀྲུང་གོ་གསར་པ་དབུ་བརྙེས་པ་ཚུན་གྱི་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་མགོ་ཁྲིད་པ་དང་།རྒྱུལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཡུན་རིང་དུ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་།གྲུབ་ཚུལ་རང་བཞིན་གྱི་འགལ་བ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་གཏིང་ཟབ་ཏུ་གསང་དཀྲོལ་བྱས་ཏེ། མི་དམངས་དམག་དཔུང་གི་སྒྲིག་སྲོལ་གསར་པ་དང་།གྲུབ་ཚུལ་གསར་པ།ཆགས་སྟངས་གསར་པ།རྣམ་པ་གསར་པ་བཅས་ཆགས་སུ་བཅུག《གཏན་འབེབས》ཀྱིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བསྟུད་མར་ཟབ་སྤེལ་བྱ་རྒྱུ་དེ་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ཟབ་སྤེལ་གྱི་སྤྱིའི་འཆར་གཞིའི་ཁྲོད་བཞག་ནས།རྒྱལ་སྲུང་དང་དམག་དཔུང་བསྟུད་མར་སྒྱུར་བཅོས་བྱེད་པར་བཀོད་སྒྲིག་བྱས་ཏེ། མི་དམངས་དམག་དཔུང་གི་མགོ་ཁྲིད་དོ་དམ་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དང་།མཉམ་འབྲེལ་དམག་འཐབ་མ་ལག་སྒྱུར་བཅོས་ཟབ་སྤེལ།དམག་ས་བརྒལ་བའི་སྒྱུར་བཅོས་ཟབ་སྤེལ་སོགས་ཐད་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་བཏོན་ཡོད།
(བརྒྱད།)ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་བྱེད་པའི་སྐོར།
ཀྲུང་གོའི་ལས་དོན་ལེགས་པོར་སྒྲུབ་དགོས་ན་གཙོ་བོ་ཏང་ལ་རག་ལས་ཡོད།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན།ཏང་གི་མགོ་ཁྲིད་ཆུ་ཚད་ངེས་པར་དུ་སྔར་ལས་མཐོ་འདེགས་བཏང་ནས། ཏང་འཛུགས་སྐྱོང་ལ་དངོས་གནས་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།《གཏན་འབེབས》ཀྱིས་ཕྱོགས3ནས་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ལ་བཀོད་སྒྲིག་གནང་ཡོད་དེ།གཅིག་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པར་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དང་།དངོས་ཡོད་དང་སྦྱར་ནས་སྲོལ་འབྱེད་གསར་གཏོད་བྱེད་པ།འདྲ་བཟོ་བྱས་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་གསར་པ་གསར་གཏོད་བྱེད་པ་བཅས་དང་།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ལེགས་པོར་སྐྱོད་ནས། སྤྱི་ཚོགས་ཀྱི་རེ་སྙེག་དང་།མང་ཚོགས་ཀྱི་བློ་གྲོས།ཆེད་མཁས་ཀྱི་བསམ་འཆར།གཞི་རིམ་གྱི་ཉམས་མྱོང་བཅས་སྒྱུར་བཅོས་ཀྱི་ཇུས་འགོད་དུ་བསྡུ་ལེན་བྱེད་པ། འབུར་ཐོན་འགལ་བ་ཐག་གཅོད་བྱེད་པར་དམིགས་ནས་སྒྱུར་བཅོས་ཀྱི་གྲོས་གཞི་སྒྲིག་འགོད་བྱེད་པ་དང་།གཙོ་གནད་སྒྱུར་བཅོས་བྱ་ཐབས་གྲུབ་པའི་རྐྱེན་སྲོལ་ལེགས་སྒྱུར།དུས་ཐོག་ཏུ་གནད་དོན་རྙེད་ནས་ནོར་འཛོལ་ཡོ་བསྲང་བཅས་བྱེད་དགོས་པར་བཏོན། གཉིས་ནི་ཏང་གི་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་པ་སྟེ།ཏང་ཡོངས་ལ་སྐུལ་སློང་བྱས་པར་བརྟེན་ནས་སྒྱུར་བཅོས་ལེགས་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་འདོན་སར་བཟུང་ནས།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་།ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བཏང་ནས།མི་འདེམ་སྤྱོད་ཀྱི་ཡང་དག་པའི་ཁྲིད་ཕྱོགས་གསལ་བོར་འཛུགས་པ་དང་།ལས་བྱེད་པའི་དེང་རབས་ཅན་གྱི་འཛུགས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་དང་།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ།ལས་བྱེད་པས་ལས་གང་བྱུང་སྒྲུབ་པ་དང་།ལས་མི་བྱེད་པ།ལས་བྱེད་མི་ཕོད་པ།ལས་བྱེད་མི་མཁས་པ་བཅས་ཀྱི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་པ་དང་།“དབྱེ་འབྱེད་གསུམ”དོན་འཁྱོལ་བྱས་ནས།ལས་བྱེད་པས་གསར་འབྱེད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་ལྕགས་གཏོང་དགོས་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྤྱོད་ནུས་དང་རྩ་འཛུགས་ཀྱི་སྤྱོད་ནུས་ཇེ་དྲག་ཏུ་གཏོང་བ་དང་།དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ།ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ནུས་ལྡན་བྱེད་ཐབས་འཚོལ་ཞིབ་བྱས་ནས།ཏང་ཡོན་གྱི་སློབ་གསོ་དོ་དམ་དང་ནུས་པ་འདོན་སྤེལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པར་བཏོན།གསུམ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐད་རྩོད་གཏིང་ཟབ་ཏུ་སྤེལ་དགོས་པ་སྟེ།ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། དམ་ཚགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་བཅོས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་དང་།ལྟ་སྐུལ་སྒྲིག་བསྟར་གྱི“བྱེད་ཐབས་རྣམ་པ་བཞི”གཏིང་ཟབ་ཏུ་བེད་སྤྱོད་དང་།ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་སྐུལ་ལྕགས་ནུས་པ་ཕྱོགས་བསྡུས་ངང་འདོན་སྤེལ་བྱས་ཏེ།རུལ་མི་ཕོད་ཅིང་རུལ་མི་རུང་པ་དང་རུལ་མི་འདོད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས།རུལ་སུངས་འབྱུང་གཞི་ཧུར་ཐག་གིས་མེད་པར་བཟོ་བ།ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས་པ་དང་།བསྙོན་འཛུགས་བྱ་སྤྱོད་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱེད་དགོས་པར་བཏོན།
བཞི་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་།ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ནམ་ཡང་ཐུགས་ཁུར་དང་སེམས་ཁྲལ་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གསུམ་ལ་ཕེབས་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཐེངས་གཉིས་ལ་ཞུགས་ཤིང་།འཕྲིན་ཡིག་བསྐུར་ནས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོའི་མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུས་ཏེ།མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཤུགས་ཆེན་པོ་བཏོན་པ་དང་།མི་སེམས་སྒུལ་བའི་གཏམ་རྒྱུད་མང་པོ་བཞག་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གཅིག་རྒྱུན་གཅིག་འཛིན་དང་ཕན་ཚུན་འབྲེལ་མཐུད་ཡོད་ཅིང་།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། མཚོ་སྔོན་གྱི་རྒྱང་རིང་འཕེལ་རྒྱས་དང་དམ་དུ་འབྲེལ་བའི་གཞི་རྩའི་རང་བཞིན་དང་།ཁ་ཕྱོགས་རང་བཞིན།ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པ་གསལ་བཤད་ཟབ་མོ་བྱས་ཡོད་པ་དང་། དུས་རབས་གསར་པའི་མཚོ་སྔོན་བྱ་བའི་སྤྱིའི་ཁ་ཕྱོགས་དང་།སྤྱིའི་དམིགས་འབེན།སྤྱིའི་ལས་འགན་བཅས་སྔར་ལས་གསལ་བོར་བསྟན་ཡོད་པས།མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་ལ་ཕྱོགས་སྟོན་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་རྩ་བའི་གཞི་འཛིན་ས་ཡིན།
(གཅིག)“དྭངས་གསལ་གཙང་པོ་ལྷུང་ལྷུང་ཤར་ལ་འབབ་པར”ཁག་ཐེག་བྱེད་དགོས།
མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཁོངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་ལྕོག”།རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བཅས་ཡིན་པས།སྐྱེ་ཁམས་ཀྱི་འགན་འཁྲི་ལྕི་ལ་དཀའ་ཚགས་ཆེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་དང་མཚོ་སྔོན་གྱི་སྐྱེ་ཁམས་ལ་དོ་ཁུར་ཆེན་པོ་གནང་བ་ཡིན།2016ལོའི་ཟླ8པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་དུས།“མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཡིན་ཞིང་། ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཡིན་ལ།ཆེས་ཆེ་བའི་གཏིང་ཤུགས་དེའང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་ངེས་པར་དུ་འབུར་ཐོན་གྱི་གནས་སུ་བཞག་ནས་འཛིན་པ་དང་།རང་བྱུང་ལ་བརྩི་བཀུར་དང་།རང་བྱུང་ལ་བསྟུན་པ།རང་བྱུང་སྲུང་སྐྱོབ་བཅས་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་ནས།དཔལ་འབྱོར་གྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས”ཞེས་དང་།“སྐྱེ་ཁམས་ཀྱི་བཟོ་བཀོད་དང་། ནུས་གྲོན་ཉུང་གཏོང་། ཁོར་ཡུག་བཅོས་སྐྱོང་། མཛེས་པའི་མཁར་ཤང་འཛུགས་སྐྲུན་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལེགས་འཛིན་བྱས་ནས།མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་།སྨན་གསར་པ་དང་སྨན་བཅོས་འཕྲུལ་ཆས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བྱེད་དགོས་པར་བཏོན།ལྔ་ནི་མི་གྲངས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་དང་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་འཛུགས་པའི་ཐད་ནས། མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཡོངས་ལ་ཁེབས་པའི་མི་གྲངས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་འཛུགས་པ་དང་།བུ་བཙའ་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་མ་ལག་དང་སྐུལ་ལྕགས་རྐྱེན་སྲོལ་འཐུས་ཚང་།ཀུན་ཕན་བྱིས་སྐྱོང་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན།རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པར་བཏོན།བྱེ་འགྱུར་ཅན་འགོག་བཅོས་དང་མཐོ་གྲང་རྩྭ་ཐང་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཕྱུགས་སྐྱུར་རྩྭ་གསོ་དང་།རྨོ་སྐྱུར་ནགས་གསོ་རྩྭ་གསོ།བྱང་གསུམ་འགོག་སྲུང་ནགས་ཚལ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནུས་གྲོན་ཉུང་གཏོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ།དྭངས་གསལ་གཙང་པོ་ལྷུང་ལྷུང་ཤར་ལ་འབབ་པར’ཁག་ཐེག་བྱེད་དགོས”ཞེས་ནན་གྱིས་བསྟན།2021ལོའི་ཟླ6པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུས།“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་པས།རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་དངོས་གནས་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་དང་།
(པར་ངོས10བར་གཟིགས།)(པར་ངོས9བར་མཐུད་པ།)གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ།‘ཀྲུང་ཧྭའི་ཆུ་ལྕོག’སྲུང་སྐྱོབ་བཅས་ཀྱི་ལས་འགན་ཆེན་པོ་འཁུར་དགོས”ཞེས་ནན་གྱིས་བསྟན།ད་ལོའི་ཟླ6པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུས།“མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྣ་མང་ཕུན་སུམ་ཚོགས་མོད།ཧ་ཅང་ཉམས་ཞན་ཡིན་པས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་།སྐྱེ་ཁམས་ཀྱི་སྤྱོད་ནུས་ཆེས་ཆེར་མངོན་འགྱུར་བྱ་རྒྱུ་ནི་ས་ཁོངས་འདིའི་ལས་འགན་གཙོ་བོ་ཡིན”ཞེས་ནན་གྱིས་བསྟན།ལོ་དུ་མང་རིང་།མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་མཚན་རྟག་ཏུ་སེམས་ཁྲལ་བྱེད་ས་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་བཏོན་པའི་བླང་བྱ་གལ་ཆེན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་གོ་གནས་ནུས་པ་དང་།ལས་འགན་གལ་ཆེན།དུས་རབས་ཀྱི་བླང་བྱ་བཅས་གསལ་བོར་བསྟན་ཡོད་པས།ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཐོགངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་སྒོ་ནས་སྐྱེ་ཁམས་བདེ་འཇགས་དང་།གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ།“ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་བཅས་ཀྱི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་ལེགས་པོ་བྱས་ཏེ།མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ཁག་ཁུར་དང་མཚོ་སྔོན་གྱི་བྱས་རྗེས་འབུལ་དགོས་ཤིང་།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་ཐད་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས།རྣམ་པ་ཀུན་ཏུ་ཁྱོན་ཡོངས་ལ་ལྟ་བ་དང་།རྣམ་པ་ཀུན་ཏུ་རྒྱང་རིང་ལ་དམིགས་པ།རྣམ་པ་ཀུན་ཏུ་མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནུས་ཤུགས་རྒྱུན་ཆད་མེད་མེད་པར་ཆེ་རུ་གཏོང་བ་དང་།ཆུ་ཁུངས་གསོ་སྐྱེད་ནུས་པ་བརྟན་པོའི་ངང་མཐོར་འདེགས།སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས།སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་དགོས།
(གཉིས།“)རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ”ལེགས་པོར་སྲུང་དགོས།
མཚོ་སྔོན་ནི་རྒྱལ་ཡོངས་མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་བསྡུར་ཚད་ཆེས་ཆེ་ཞིང་གྲངས་ཉུང་མི་རིགས་མི་གྲངས་ཀྱི་ཟིན་ཚད་ཆེས་མཐོ་བའི་ཞིང་ཆེན་ཡིན་པ་དང་།ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་མཉམ་འདྲེས་དང་སྣ་མང་གཞི་གཅིག་གི་དཔེ་མཚོན་ས་ཁུལ་ཡིན་པས།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་ཐད་ནས་རང་ལ་ཁྱད་ལྡན་གྱི་ལེགས་ཆ་ཡོད་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་དོ་ཁུར་ཆེན་པོ་གནང་བཞིན་ཡོད།2016ལོའི་ཟླ8པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མང་པོ་ནི་རང་རྒྱལ་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པ་དང་།རང་རྒྱལ་འཕེལ་རྒྱས་ལ་ཕན་ཁེ་ཆེ་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ཀྱང་ཡིན”ཞེས་ནན་གྱིས་བསྟན་པ་དང་།2016ལོའི་ཟླ6པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧོས་ལམ་གྱི་སྲང་ལམ་ཝུན་ཐིང་ཞང་སྡེ་ཁུལ་དུ་རྟོག་ཞིབ་གནང་དུས།“སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་གཡུལ་ས་གལ་ཆེན་དུ་བཟུང་ནས།རིགས་སོ་སོའི་མི་དམངས་ཀྱིས་ལག་གདང་དང་སེམས་པ་གཅིག་ཏུ་སྦྲེལ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱས་ནས།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་མཉམ་འཛུགས་བྱེད་དགོས”ཞེས་བསྟན།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མགོ་ལོག་གཙང་གོང་མ་སྡེ་བར་རྟོག་ཞིབ་གནང་དུས།“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ན།མི་རིགས་གཅིག་ཀྱང་མེད་དུ་མི་རུང་།ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད།ཚང་མ་ཏག་ཏག་སེ་འབྲུའི་འབྲུ་གུ་ལྟར་དམ་དུ་སྦྲེལ་ནས། སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་རོགས་རེས་བྱས་ན།ད་གཟོད་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་པ་དང་།ད་གཟོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་རྣམ་པར་བཞད་ནས་ཉམས་པ་མེད”ཅེས་བསྟན།ད་ལོའི་ཟླ6པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་རྟོག་ཞིབ་བྱེད་དུས།“སློབ་གསོ་འདུས་པའི་ཤར་ནུབ་རྒྱུད་མཉམ་སྒྲུབ་དང་ཁ་གཏད་རོགས་སྐྱོར་ལ་ཕན་འབྲས་མངོན་གསལ་བླངས་ཡོད་པ་འདིས།ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཡོངས་སུ་ངོམ་པ་དང་།ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོའི་དྲོད་ཁོལ་ཡོངས་སུ་ངོམ་ཡོད”ཅེས་བསྟན། སི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་གྱི་ཙོང་ཁ་དགོན་དུ་རྟོག་ཞིབ་བྱེད་དུས།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ན།རྒྱ་ཆེ་བའི་ཆོས་དད་མང་ཚོགས་འདུས་པའི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པས།མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བཏང་ནས།ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་འགྲིག་བཅས་ཡོང་བར་སྐུལ་སྤེལ་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཁྲོད་ཡར་ཐོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས”ཞེས་ནན་གྱིས་བསྟན།མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་ན།ང་ཚོས་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱ་བ་རྒྱ་ཆེར་སྤེལ་ནས།མི་རིགས་སོ་སོ་ཕྱོགས་ཡོངས་རྒྱ་ཆེ་བའི་སྒོ་ནས་ཕན་ཚུན་འགྲོ་འོང་དང་།བརྗེ་རེས།མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ་བྱེད་དགོས།དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།ཆོས་ལུགས་ལས་དོན་དོ་དམ་དང་ནང་སྒོས་སུ་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་དགོས།མི་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་དང་།མཐུན་སྒྲིལ་ནི་ཆེས་སྟོབས་ཆེ་བའི་ནུས་ཤུགས་ཡིན་པས།མཚོ་སྔོན་གྱི་མི་རིགས་ཆོས་ལུགས་བྱ་བ་དེ་ངེས་པར་དུ་ལོ་བརྒྱའི་དུས་འགྱུར་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཆེན་པོ་གཉིས་ཀྱི་སྟེང་འཇོག་པ་དང་།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་རླབས་པོ་ཆེའི་ཁྲོད་བཞག་ནས་ཞིབ་གཟིགས་དང་སྟངས་འཛིན་བྱ་རྒྱུར་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་དེ་ཆབ་སྲིད་ཞིབ་བཤེར་དུ་བརྩིས་ནས།“ལྡན་པར་བྱེད་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ།རྒྱལ་ཁབ་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས།གཞི་རིམ་བཅོས་སྐྱོང་གི་གཏིང་རིམ་གནད་དོན་གཙིགས་སུ་བཟུང་ནས་ཞིབ་འཇུག་དང་ཐག་གཅོད་བྱས་ནས།ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་བསྟུད་མར་རྒྱུན་འཁྱོངས།མཐུན་སྒྲིལ་དེ་ཆེས་ཆེ་བའི་དམིགས་འབེན་དུ་བཟུང་ནས།ཏང་གི་མི་རིགས་ས་ཁུལ་གྱི་སྲིད་བསྟར་གཞི་རྩ་བསྟུད་མར་བརྟན་པོར་གཏོང་བ་བཅས་བྱེད་དགོས།
(གསུམ།)ཐོན་ལས“གནས་བཞི”མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན།འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སྐྱོད་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་བཅས་བྱེད་པར། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་། རྒྱལ་ཁོངས་བདེ་འཇགས་ཀྱི་གོ་གནས།ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་མངོན་གསལ་གྱིས་སྔར་ལས་གལ་ཆེན་དུ་གྱུར་ཡོད་ཅིང་།ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་རྒྱུན་མཐུད་ཡོང་བར་མཚོ་སྔོན་ལ་ཁྱད་ལྡན་ལེགས་ཆ་ལྡན་ཡོད།“དཔལ་འབྱོར་འཛུགས་སྐྱོང་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་ཡོངས་ཀྱིས་ངེས་པར་དུ་དམ་འཛིན་དང་ལེགས་འཛིན་བྱེད་དགོས་པའི་ལས་འགན་གལ་ཆེན་ཡིན། ”2016ལོའི་ཟླ8པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚ་འདམ་གཞོང་ཚ་ཨར་ཧན་ཚྭ་མཚོ་ཁར་རྟོག་ཞིབ་གནང་དུས།“འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་ཐོན་ཁུངས་བེད་སྤྱོད་ཀྱི་ནུས་ཕྱོད་མཐོར་འདེགས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ཐབས་ལམ་ཡིན་པས།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་།ས་ཁོངས་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ཀྱི་ལས་རིམ་དང་།ལག་རྩལ།བཟོ་རྩལ་གསར་གཏོད་བཅས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་།ཧུར་ཐག་གིས་འཛད་གྲོན་དམའ་བ་དང་།འབུད་གཏོང་དམའ་བ།ཕན་ནུས་ཆེ་བ་བཅས་བྱས་ནས།ཚྭ་མཚོ་ཞེས་པའི་རྩ་ཆེའི་ཐོན་ཁུངས་འདིས་རྒྱུན་མཐུད་ངང་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པར་བྱེད་དགོས”ཞེས་བསྟན།རྒྱལ་ཁབ་གློག་གཏོང་རྨ་ཆུའི་ཆུ་གློག་ཉི་ནུས་གློག་ཤུགས་ཚད་ཡོད་ཀུང་སི་ཟི་ལིང་ཡན་ལག་ཀུང་སིར་རྟོག་ཞིབ་བྱེད་དུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འོད་གློག་གློག་འདོན་ཐོན་ལས་འཕེལ་རྒྱས་གཏོང་དགོས་ན།འཆར་འགོད་དང་བཀོད་པ་འཐེན་ནས།སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚད་ལྡན་རང་བཞིན་དང་གོ་རིམ་རང་བཞིན་འབུར་དུ་བཏོད་དགོས”ཞེས་བསྟན་པ་དང་།ཁོང་གིས་རྒྱལ་དབང་ཁེ་ལས་ཀྱིས་སྣེ་ཁྲིད་ནས་གསར་གཏོད་ནུས་པ་མཐོར་འདེགས་བཏང་སྟེ། སྔར་ལས་མང་བ་དང་སྔར་ལས་ལེགས་པའི་གསར་གཏོད་གྲུབ་འབྲས་དང་ཐོན་རྫས་ཧུར་ཐག་གིས་བསྐྲུན་ནས། གསར་གཏོད་འཕེལ་རྒྱས་ཐད་སྔར་ལས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ་པར་སྨོན་འདུན་ཞུས།2021ལོའི་ཟླ3པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་དུས།“མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་ལ་ཟུང་འབྲེལ་དང་།གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱས་ནས།འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་པ་དང་།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་གཏོད་པ་དང་།ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མ་ལག་འཛུགས་པ་དང་།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས”ཞེས་ནན་གྱིས་བསྟན།ལོ་དེའི་ཟླ6པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཧྲེང་ཡོན་ས་གདན་མཐུན་ཚོགས་ཚད་ཡོད་ཀུང་སིར་གཟིགས་ཞིབ་དང་རྟོག་ཞིབ་བྱེད་དུས།“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན།ཆེས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཆེས་གསོན་ཤུགས་ལྡན་པའི་ཁེ་ལས་འཛིན་མཁས་དགོས་པ་དང་།ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ལེགས་ཁེ་ལས་གསོ་སྐྱོང་དང་།ཁེ་ལས་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་མཐོར་འདེགས་ལ་སྐུལ་ཁྲིད་བྱེད་དགོས”ཞེས་ནན་གྱིས་བསྟན།ད་ལོའི་ཟླ6པར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུས།“མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཁུར་ཡོད་པས།ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།ས་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས”ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དབྱེ་ཞིབ་གནད་འཁེལ་བྱས་པ་དེས། མཚོ་སྔོན་འཕེལ་རྒྱས་ཀྱི་ཤུགས་འདོན་ས་དང་འགག་བརྟོལ་ས་གསལ་བོར་བསྟན་ཏེ།མཚོ་སྔོན་གྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ལ།གནད་ཆེ་ས་དམ་འཛིན་བྱེད་དགོས་ན་ཁ་ཕྱོགས་བརྟན་འཛིན་དང་གཙོ་གནད་ལ་དམིགས་པ་དང་།གནད་མེད་ཟུར་འཇོག་བྱེད་དགོས་ན་མཐའ་ཚད་བརྟན་སྲུང་དང་མཐའ་མཚམས་ལེགས་པོར་སྲུང་དགོས་པ་དང་།རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པར་རང་རྟོགས་ཀྱིས་དང་ལེན་བྱེད་པ་དང་།གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འདྲེས་སུ་བཅུག་སྟེ།མཚོ་སྔོན་གྱི་རིན་ཐང་དང་གཏིང་ཤུགས་སྔར་ལས་མཚོན་པར་བྱེད་དགོས་པ།ཡང་དག་པའི་སྲིད་འབྲས་ལྟ་བ་རང་རྟོགས་ཀྱིས་ལག་བསྟར་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན།
“སྡེ་གསར་འཛུགས་སྐྲུན་དེ་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་སྐུལ་འདེད་དང་ཟུང་འབྲེལ་དང་།གཞི་རྩའི་སྤྱི་པའི་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་དང་ཟུང་འབྲེལ།མི་རིགས་དང་།ས་ཁོངས།རིག་གནས་ཁྱད་ཆོས་དང་རྣམ་པ་བཅས་སྲུང་སྐྱོབ་བྱེད་པ་དང་ཟུང་འབྲེལ་བྱེད་དགོས།“”བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱས་ནས།ལས་ཞུགས་དང་།ཡོང་སྒོ་བགོ་བཤའ།སློབ་གསོ།སྤྱི་ཚོགས་འགན་སྲུང་།སྨན་བཅོས།སྡོད་ཁང་།རྒན་གསོ།བྱིས་བཅོལ།ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་སོགས་གནད་དོན་གཅིག་འདོམས་ཀྱིས་ཐག་གཅོད་བྱེད་པ་དང་།སྐྱེ་ཁམས་དང་དམངས་འཚོའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ།
(པར་ངོས11པར་གཟིགས།)(པར་ངོས10བར་མཐུད་པ།)སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་སྲུང་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱེད་དགོས།”“དམངས་འཚོ་དངོས་གནས་འགན་སྲུང་དང་ལེགས་བཅོས་བྱས་ནས།གང་ནུས་ཅི་ལྕོགས་ཀྱིས་དམངས་འདུན་དང་མཐུན་ཞིང་དམངས་འཚོ་ལ་ཕན་པ་དང་དམངས་སེམས་དྲོ་བའི་དངོས་དོན་མང་པོ་སྒྲུབ་སྟེ།མང་ཚོགས་ཀྱི་འཚུབ་དཀའ་སྐྱོ་རེའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས།”..རྒྱལ་སྲིད་ནི་མི་དམངས་ཡིན་ལ།མི་དམངས་ནི་རྒྱལ་སྲིད་ཡིན། མཉམ་དུ་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱེད་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེན་པོའི་ཁྲོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་དམངས་དང་མཉམ་དུ་གནས་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཟབ་མོས་མི་དམངས་ལ་བཅངས་པའི་བརྩེ་ཞེན་རྣལ་མ་མཚོན་པ་དང་།ལོ་བརྒྱའི་ཏང་ཆེན་པོས་མི་དམངས་ལ་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ་མཚོན་ཡོད། ང་ཚོས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།ཧུར་ཐག་གིས་དམངས་འཚོའི་ཞན་ཆ་གསབ་པ་དང་། དམངས་འཚོའི་དཀའ་གནད་ཐག་གཅོད།དམངས་འཚོའི་མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ།ཚད་ཡོད་པའི་ཐོན་ཁུངས་ལ་ཕན་འབྲས་ཆེན་པོ་འདོན་དུ་འཇུག་དགོས།རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་བྱེད་པ་དང་།གང་ནུས་དེ་སྒྲུབ་ཀྱི་ངར་ཤུགས་སྐྱེད་པ་དང་། འཁོས་དཔག་ལས་སྒྲུབ་ཀྱི་རིག་པ་རྒྱུན་འཁྱོངས་སྒོས་དཀའ་ངལ་ཁྱད་བསད་དང་ཏན་ཏིག་ལས་སྒྲུབ་བྱེད་དགོས།དམངས་འཚོ་དོན་ཆེན་ཡིན་པ་རྒྱུན་འཁྱོངས་བྱས་ནས།དམངས་འཚོའི་དོན་དངོས་དེ་དངོས་གནས་མང་ཚོགས་ཀྱི་སེམས་ཁོང་དུ་སྒྲུབ་པ་དང་།རིགས་སོ་སོའི་མང་ཚོགས་སྔར་ལས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་གི་དྲིན་ཚོར་ཞིང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་པ།མང་ཚོགས་ཀྱི་འཚོ་བ་སྔར་ལས་སྤུས་ལྡན་དང་།སྔར་ལས་བློ་བདེ།སྔར་ལས་མཛེས་སྡུག་ལྡན་ཞིང་།ཉིན་བཞིན་ཇེ་ལེགས་སུ་འགྲོ་བར་བྱེད་དགོས།དེ་རིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་ཐུགས་ཁུར་བྱེད་པའི་མངགས་བཅོལ་དེ་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཐོག་མཐའ་ཀུན་ཏུ་འགྱུར་མེད་ངང་འབད་འཐབ་བྱེད་པའི་དམིགས་འབེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཆད་མེད་སྒུལ་ཤུགས་སུ་གྱུར་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་ཀྱིས་མཚོ་སྔོན་མི་དམངས་ཀྱིས་རྒྱུན་ཆད་མེད་པར་བྱས་རྗེས་ངོ་མཚར་ཅན་གསར་པ་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པར་ཁྲིད་སྟོན་བྱེད་ངེས་ཡིན།
ལྔ་པ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནུས་ཤུགས་ཡོད་རྒུས་ལེགས་འཛིན་བྱེད་དགོས།
ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱ་རྒྱུ་དེ་ལས་འགན་ལྕི་ལ་འགན་འཁྲི་ཆེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་ལག་བསྟར་དོན་འཁྱོལ་ལེགས་འཛིན་བྱེད་པའི་ཐད་བླང་བྱ་གསལ་བོ་བཏོན་ཡོད་པས།ཏང་ཡོངས་ཀྱི་བློ་མཐུན་གྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་།《གཏན་འབེབས》དོན་འཁྱོལ་བྱ་རྒྱུ་སེམས་ཤུགས་གཅིག་སྒྲིལ་གྱིས་ལེགས་འཛིན་བྱས་ནས།ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་མངོན་འགྱུར་བྱེད་དགོས།
གཅིགཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་སྐོར་གྱི་བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་ལེན་པ་དང་ཟུང་འབྲེལ་དང་མཐུད་འབྲེལ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ན།ཐོག་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལེགས་པོ་དང་གོ་བ་ལེགས་པོ་ལེན་དགོས།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལེགས་པོ་དང་གོ་བ་ལེགས་པོ་ལེན་དགོས་ན།སྔོན་འགྲོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་སློབ་སྦྱོང་དང་གོ་བ་ལེགས་པོ་ལེན་རྒྱུ་དེ་རེད།ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་བར་དངོས་སུ་མགོ་ཁྲིད་དང་།དངོས་སུ་བཀོད་སྒྲིགདངོས་སུ་སྐུལ་འདེད་བཅས་བྱས་ནས།ལོ་རྒྱུས་ཀྱི་ཉམས་མྱོང་ཚན་རིག་དང་མཐུན་པར་སྤྱི་བསྡོམས་དང་།སྒྱུར་བཅོས་ཀྱི་ཆོས་ཉིད་སྟངས་འཛིན་ཟབ་མོ་བྱས་ཤིང་།མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་།ལྟ་བ།བྱེད་ཐབས་བཅས་སྤྱད་དེ།བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་གསར་གཏོད་རང་བཞིན་གྱིས་བཏོན་ཡོད་དེ།དཔེར་ན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ན་ངེས་པར་དུ་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས་པ་དང་།ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཡིན་པ། མི་དམངས་ལྟེ་བར་བཟུང་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ།ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱེད་དགོས་པ།ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གྱི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ།ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ན་དཔལ་འབྱོར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི“གནད་འགག”འདི་ལེགས་འཛིན་བྱེད་དགོས་པ།རིམ་པ་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་པ། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ།སྒྱུར་བཅོས་བྱ་ན་ངེས་པར་དུ་ངོས་འཛིན་གཅིག་མཐུན་དང་གཅིག་སྡུད་བྱེད་དགོས་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ན་ཡང་དག་པའི་བསམ་བློའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས་པ་སོགས་ཀྱི་ལྟ་བ་བཏོན་པ་ལྟ་བུ་ཡིན།བསམ་བློ་གསར་པ་དང་།ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པ་འདིས་དུས་རབས་གསར་པར་ཅིའི་ཕྱིར་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་པ་དང་།ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཀྱི་གནད་དོན་ཆེན་པོར་ལན་ཟབ་མོ་བཏབ་ཅིང་།སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་བྱས་པ་དང་།ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཆོས་ཉིད་ཐད་བྱུང་བའི་ངོས་འཛིན་ཟབ་མོ་མཚོན་ཡོད་ལ།འདི་ནི་དུས་རབས་གསར་པར་སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆེས་གསར་པ་ཡིན་པས།ངེས་པར་དུ་སྔར་ལས་གཅེས་འཛིན་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་སྐོར་གྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པའི་སྲོག་ཤིང་དོན་སྙིང་དང་།ཕུན་སུམ་ཚོགས་པའི་ནང་དོན།ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་།དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་མྱོང་རྟོགས་ཟབ་མོ་ལེན་དགོས་པར་མ་ཟད།དེས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་གྱི་ལག་ལེན་ལ་རང་རྟོགས་ཀྱིས་ཁྲིད་སྟོན་བྱེད་དགོས།
གཉིས།ཏང་གིས་ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་གྱི་བརྒྱུད་རིམ་ཧྲིལ་བོར་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་རྩ་ཆེའི་ཉམས་མྱོང་དང་པོ་སྟེ།སྤྱི་འདོམས་དང་པོ་ནི་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་ལ།འདི་ནི་སྒྱུར་བཅོས་ཐོག་མཐའ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་སྐྱོད་པར་འགན་ལེན་བྱེད་པའི་གཞི་རྩའི་ཁག་ཐེག་ཡིན་པ་དང་།ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཀྱི་སྤྱིའི་ཇུས་འགོད་དང་།གཅིག་འདོམས་མཐུན་སྦྱོར།སྤྱི་ཡོངས་སྐུལ་འདེད་བཅས་ལ་མགོ་ཁྲིད་བྱེད་པ་ཡིན།ཏང་སྲིད་དམག་བཅས་ཕྱོགས་སོ་སོས་བྱེད་པོའི་འགན་འཁྲི་ཁུར་དགོས་པ་དང་།བཀོད་སྒྲིག་གལ་ཆེན་དང་།ལས་འགན་གལ་ཆེན།གཙོ་གནད་བྱ་བ་བཅས་ལ་དམིགས་ནས།རང་འགུལ་གྱིས་ཁག་ཁུར་ལས་སྒྲུབ་དང་།ཁྱབ་ཁོངས་དེའི་སྒྱུར་བཅོས་ལས་འགན་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོབ་པར་གཏིང་ཟབ་ཏུ་ཞིབ་འཇུག་བྱེད་དགོས།ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ས་ཁུལ་དེ་གར་འབྲེལ་བ་ཡོད་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་རྩ་འཛུགས་ལག་བསྟར་བྱ་རྒྱུར་ལེགས་འཛིན་བྱེད་དགོས།རིམ་པ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས།སྒྱུར་བཅོས་ལག་ཏུ་འཛིན་པ་དང་།དཔོན་དམག་གཉིས་ཀ་བྱས་ནས།སྒྱུར་བཅོས་གལ་ཆེན་ལ་དངོས་སུ་བཀོད་སྒྲིག་དང་།ཇུས་གཞི་གལ་ཆེན་ལ་དངོས་སུ་བརྟག་བཤེར།གཙོ་གནད་བྱ་རིམ་ལ་དངོས་སུ་མཐུན་སྦྱོར། དོན་འཁྱོལ་གནས་ཚུལ་ལ་དངོས་སུ་ལྟ་ཞིབ་བཅས་བྱེད་དགོས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་དེ་དང་ཁྱབ་ཁོངས་དེའི་འཕེལ་རྒྱས་ལ་བཏོན་པའི་འཐབ་ཇུས་ངེས་གནས་དང་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ་དང་།《གཏན་འབེབས》ཀྱི་དགོངས་དོན་ལྟར་རང་ངོས་ཀྱི་སྒྱུར་བཅོས་ལས་འགན་བཀོད་དེ།ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རྩ་དོན་དང་།གསལ་བསྟན་བྱས་པའི་བྱེད་ཐབས།བཏོན་པའི་བླང་བྱ་བཅས་ནུས་ཤུགས་ཡོད་རྒུས་ལྷག་ལུས་མེད་པར་ལག་ལེན་མཐར་ཕྱིན་བྱེད་དགོས་པར་མ་ཟད།དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱིས་བྱ་བའང་སྤེལ་དགོས།
གསུམ།གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ལས་འགན་སོ་སོ་དོན་འཁྱོལ་བྱེད་པར་ལེགས་འཛིན་བྱེད་དགོས། སྒྱུར་བཅོས་བྱེད་དགོས་ན་འཆར་འགོད་གཙིགས་སུ་འཛིན་དགོས་ལ།དོན་འཁྱོལ་ལྷག་ཏུ་འཛིན་དགོས།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱེད་པ་ནི་མ་ལག་བཟོ་བཀོད་ཅིག་ཡིན་ཞིང་། སྒྱུར་བཅོས་ཀྱི་དོན་འཁྱོལ་ལེགས་འཛིན་བྱེད་པར་མ་ལག་གི་བསམ་གཞིག་དང་།ཆ་སྡེབ་ཀྱི་བྱེད་ཐབས།རྒྱུན་མཐུད་ཀྱི་བྱ་སྤྱོད་བཅས་ཡོད་དགོས།གཅིག་ནི་སྒྱུར་བཅོས་ཀྱི་བླང་བྱ་ཁོང་དུ་ཆུད་དགོས་པ་སྟེ།ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་གྱི་ཐབས་འགོད་ཇུས་འདོན་ལ་ཡང་དག་པར་ངོས་འཛིན་བྱེད་པ་དང་།སྒྱུར་བཅོས་བྱེད་ཐབས་སོ་སོའི་རྒྱབ་ལྗོངས་དང་ངེས་གནས།ཕྱོགས་སྟོན།ནང་དོན་བཅས་ལ་གནད་དུ་འཁེལ་བའི་གོ་བ་ལེན་དགོས།གསར་གཏོད་ཀྱི་རྩ་བའི་གནས་དང་གཙོ་གནད་དེ་གང་ན་ཡོད་པ་དང་།ནང་དོན་གྱི་མཐའ་མཚམས་དང་འབྲེལ་ཡོད་སྒྱུར་བཅོས་བྱེད་ཐབས་གཞན་དག་གི་འབྲེལ་གནས་དེ་གང་ན་ཡོད་པ་གསལ་རྟོགས་བཅས་བྱས་ཏེ།དམིགས་གཏད་ཡོད་ཅིང་གནད་དུ་འཁེལ་བའི་སྒོ་ནས་སྒྱུར་བཅོས་དོན་འཁྱོལ་ལེགས་འཛིན་བྱེད་དགོས།གཉིས་ནི་ལག་བསྟར་བྱ་ཐབས་ལེགས་པོར་འགོད་དགོས་པ་སྟེ། ལས་འགན་དེབ་དང་། དུས་ཚོད་རེའུ་མིགསྔ་གཞུག་གོ་རིམ་བཅས་སྒྲིག་འབེབས་བྱས་ཏེ།《གཏན་འབེབས》ཀྱི“སྐྱ་ཐིག”དེ“སྐྱ་རིས”དང“ཨར་རིས”སུ་སྒྱུར་ནས།ཚིགས་གནས་རེ་རེ་བཞིན་དེད་ནས་སྐུལ་འདེད་གཏོང་དགོས།གསུམ་ནི་འགན་འཁྲིའི་དོན་འཁྱོལ་ལེགས་འཛིན་བྱེད་དགོས་པ་སྟེ། སྒྱུར་བཅོས་དོན་ཚན་སོ་སོའི་ལག་བསྟར་བྱེད་པོ་དང་འགན་འཁྲི་གསལ་བོར་བསྟན་ནས།སྣེ་ཁྲིད་སྡེ་ཚན་དང་།ཐེ་ཞུགས་སྡེ་ཚན།འགན་འཁྲིའི་དོན་ཚན། འགན་ཁུར་མི་སྣ་བཅས་རེ་རེ་བཞིན་གསལ་བསྟན་བྱེད་དགོས། ཁྱབ་ཁོངས་བརྒལ་བ་དང་སྡེ་ཁག་བརྒལ་བ། སྡེ་ཚན་ག་གེ་མོ་གཅིག་གིས་སྣེ་ཁྲིད་ནས་དོན་འཁྱོལ་བྱེད་དཀའ་བའི་སྒྱུར་བཅོས་བྱེད་ཐབས་ལ་ཏང་ཨུ་དང་སྲིད་གཞུང་གིས་ཐད་ཀར་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་པ་དང་། གཏིང་འཛིན་མཐིལ་འཛིན་བྱས་ནས།“དོན་དག་གཅིག་ལ་སྡེ་ཁག་མང་པོས་དོ་དམ་བྱེད་པའི”སྣང་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས།བཞི་ནི་ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་དགོས་པ་སྟེ།ཆེད་དོན་ལྟ་ཞིབ་དང་།ཕྱོགས་ཡོངས་ནས་ལྟ་ཞིབ།ཕྱོགས་བསྡུས་ལྟ་ཞིབ་བཅས་བསྟུད་མར་སྤེལ་ནས། གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་སྟེང་ཤུགས་འདོན་དགོས། སྒྱུར་བཅོས་གལ་ཆེན་དོན་འཁྱོལ་བྱས་ཡོད་མེད་ཀྱི་གནས་ཚུལ་དེ་སྐོར་ཞིབ་སྐོར་གཟིགས་ཀྱི་ནང་དོན་ནང་དུ་བཞག་ནས།ཆབ་སྲིད་ལྟ་སྐུལ་གྱི་ཟུར་ངོས་ནས་སྒྱུར་བཅོས་ཀྱི་འགན་འཁྲིའི་སྡེ་ཚན་དང་འགན་ཁུར་བས་ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད་མེད་ཀྱི་གནས་ཚུལ་ལ་ལྟ་བཤེར་བྱེད་དགོས།ལྔ་ནི་ཕན་འབྲས་དངོས་ངེས་པར་དུ་ལེན་དགོས་པ་སྟེ།བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར།བྱས་པའི་རྗེས་དང་དྲུད་པའི་ཤུལ་འཇོག་པ་དང་།གཅིག་གཞུག་གཅིག་མཐུད་ཀྱིས་སྒྲུབ་སྟེ།གྲུབ་འབྲས་དངོས་དང་ཕན་འབྲས་དངོས།མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་བཅས་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་དཔྱད་བྱེད་དགོས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་།སྒྱུར་བཅོས་ཁྲོད་འབྱུང་སྲིད་པའི་དཀའ་ཁག་ལ་སྐྲག་པ་དང་།དམིགས་གཏད་མེད་པ།མིང་སྟོང་ལ་རྔམ་པ།རང་གནས་རིང་ལུགས།སྟབས་བདེ་སླ་བཅོས།རང་ཁག་གཞན་དཀྲི།སྟག་མགོ་སྦྲུལ་མཇུག་སོགས་ཀྱི་སྣང་ཚུལ་མི་ལེགས་པ་སྔོན་འགོག་དང་ཡོ་བཅོས་བྱེད་པ་ལས།ཆེ་འདོད་གྲགས་ཞེན་དང་དོན་དངོས་ལ་རྒྱབ་འགལ་བྱེད་མི་རུང་བ་དང་།རྙོག་འཛིང་གི་བྱ་བའི་རྣམ་པ་དང་བྱུར་རྐྱེན་གསར་པ་བསྐྱུར་མི་རུང་།།