ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་འཕར་སྐུལ་སྤེལ་གྱི་ཆེད་ དོན་གྲོས་ཚོགས་བསྡུས་པ།

《 海南报-藏文 》( 2024年10月30日 第 01 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་འཕར་སྐུལ་སྤེལ་གྱི་ཆེད་དོན་གྲོས་ཚོགས་བསྡུས་ཏེ་སྔོན་མའི་དུས་ཚིགས་གསུམ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདིར་མགོ་འཛིན་བྱས།

ཚོགས་འདུ་ལས་སྔོན་མའི་དུས་ཚིགས་གསུམ་གྱི་སྔོན་ལ་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར།དཔལ་འབྱོར་བརྟན་པོར་འཕར་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ།སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་ལག་བསྟར་དང་མ་དངུལ་གཏོང་བར་ཤུགས་བསྣན་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་སྤྱིའི་ཆ་ནས་ལེགས་པའི་ཕྱོགས་སུ་འཕེལ་ཡོད་པས་ལོ་ཧྲིལ་བོའི་དཔལ་འབྱོར་བརྟན་པོར་འཕར་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཞེས་བསྟན།

ཚོགས་འདུ་ལས་མིག་སྔར་ལོ་ཧྲིལ་བོའི་ཆེས་མཐའ་མའི་མཆོང་བསྐྱོད་ཀྱི་འགག་སྒོའི་དུས་སུ་སླེབས་ཡོད་པས།དཔལ་འབྱོར་གོང་དུ་འཕར་བར་ཤུགས་རྒྱག་དགོས་པ་དང་ཕྱོགས་ཡོངས་ནས་ད་ལྟའི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ།བར་ཁྱད་ལ་དོ་སྣང་བྱེད་པ་དང་ཁ་ཕྱོགས་ཡང་དག་འཚོལ་བ།སྤྱོད་སྟངས་ལེགས་པ།དོན་དངོས་སྒྲུབ་པར་འགན་འཁུར་བ་བཅས་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་དཔལ་འབྱོར་འཕར་ཚད་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་དཔལ་འབྱོར་བརྟན་པོར་འཕར་བར་ཤུགས་བསྣན་ཏེ་ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱ་དགོས་པ་བསྟན།

ཚོགས་འདུ་ལས་དཔལ་འབྱོར་བྱ་བའི་འགན་འཁྲིའི་ཁུར་སེམས་ཡོད་པ་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེར་བསྐྱེད་དེ་མགོ་འཛུགས་ས་དང་དོན་ལ་འབབ་ས། གནད་ལ་འཁེལ་བ་ཞིག་འཚོལ་བ།རེའུ་མིག་གཅིག་དང་དཔེ་རིས་གཅིག་གི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་ལོ་ཧྲིལ་བོའི་མཇུག་ཡག་པོ་སྒྲིལ་དགོས་ལ། བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་གནད་ལ་འཁེལ་བ་བྱས་ཏེ་ད་ལྟ་སྐྲུན་བཞིན་པའི་ལས་གཞི་མཇུག་སྒྲིལ་བའི་བྱ་བ་དམ་འཛིན་དང་ལས་མགོ་ཚུགས་ཟིན་པའི་ལས་གཞིའི་མྱུར་ཚད་ཇེ་མགྱོགས་གཏོང་བ། ལས་མགོ་མ་ཚུགས་པའི་ལས་གཞིའི་དུས་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ལས་ཀའི་རྗེས་ཆོད་པ་དང་ཆད་དངུལ་ཁ་གསབ་བཅས་བྱས་ནས་ལོ་མཇུག་གི་ལས་ཀའི་མཇུག་ཡག་པོ་སྒྲིལ་བར་འགན་ལེན་བྱ་དགོས།ཁེ་ལས་ལ་རོགས་རམ་བྱེད་པའི་བྱ་འགུལ་སྤེལ་ནས་ཁེ་ལས་ནང་ཞུགས་པའི་ཞབས་ཞུ་ལེགས་པོར་བསྒྲུབས་ཏེ་དཀའ་ངལ་ཡོད་པའི་ཁེ་ལས་སུ་སོང་ནས་གནད་དོན་ཞིབ་འདྲི་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་པར་རོགས་རམ་བྱ་དགོས་ལ། འབྲེལ་མཐུད་མིང་རྟགས་འགོད་པའི་ལས་གཞི་དོན་ཐོག་ཏུ་འཁྱོལ་བའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བ་དང་།འབྲེལ་མཐུད་བྱེད་པའི་ནུས་ཤུགས་ཆེར་བསྐྱེད་དེ་དམིགས་བསལ་གྱི་བྱ་བ་ལེགས་པོར་བསྒྲུབ་པར་སྟབས་བདེ་བཟོ་བ། ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་སྔ་མོ་ནས་བཟོ་སྐྲུན་དག་མགོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བཅོས་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་སྲིད་ཇུས་དྲིལ་སྒྲོག་དང་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱིར་འཚོང་དང་།བརྗེ་ཉོ། འགྲེམས་སྟོན་སོགས་ཀྱི་བྱ་འགུལ་སྤེལ་ཏེསྲིད་ཇུས་ཀྱི་ཁེ་སྤོགས་སྔར་ལས་མང་བའི་ཁེ་ལས་དང་འཛད་སྤྱོད་པར་ཕན་ཁེ་སྐྲུན་པ་དང་།གསར་བསྒྱུར་དང་གསར་བརྗེ་ལ་བརྟེན་ནས་འཛད་སྤྱོད་ལ་སྤྲོ་བ་ཐོན་པར་བྱ་དགོས།འགྲོ་སྒོའི་སྔོན་རྩིས་ལག་བསྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།དུས་ལྟར་མ་དངུལ་གཏོང་བར་ཤུགས་བསྣན་ཏེ་ནོར་སྲིད་ཀྱི་མ་དངུལ་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ནས་དུས་ལྟར་འགྲོ་གྲོན་གཏོང་བའི་དམིགས་ཚད་ལེགས་འགྲུབ་བྱ་དགོས།རྒྱལ་ཁབ་དང་ཞིང་ཆེན།ཁུལ་གྱི་བུ་ལོན་སྒྱུར་བའི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་མོ་བྱས་ཏེ། མཐའ་གཅིག་ཏུ་འཕར་ཚད་བཀག་འགོག་བྱེད་པ་དང་གནད་དོན་རིམ་བཞིན་སེལ་ནས།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལོ་གཅིག་གི་བུ་ལོན་སྒྱུར་བའི་ལས་འགན་འགྲུབ་དགོས།མིག་སྔའི་བྱ་བ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དུས་བབ་དང་སྲིད་ཇུས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ནན་མོ་བྱེད་པ་དང་།རང་འགུལ་གྱི་ནུས་པ་ཆེར་བསྐྱེད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་བྱ་བའི་དམིགས་ཚད་དང་བསམ་ཕྱོགས་སྔོན་ལ་འཆར་འགོད་བྱས་ཏེ།ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།མཁར་ཤང་འཛུགས་སྐྲུན།དམངས་ཚིས་འགན་སྲུང་སོགས་གཙོ་གནད་བྱ་བ་གསལ་བོ་བྱས་ནས་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་དགོས་པ་བསྟན།

ཚོགས་འདུ་ལས་ས་ཁུལ་སོ་སོ་དང་སྡེ་ཚན་ཁག་སོ་སོས་དུས་ནམ་ཡང་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས་དེ་བས་ནན་པོའི་སྤྱོད་ཚུལ་དང་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་དཀའ་སྤྱད་འབད་བརྩོན་གྱིས་ཐབས་ཇུས་བཀོད་སྒྲིག་སོ་སོ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་ད་ལོའི་དམིགས་ཚད་ལས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས་པའི་རེ་བ་བཏོན།

ཁུལ་དཔོན་གཞོན་པ་བསོད་ནམས་བདེ་སྐྱིད་དང་ཀུན་འགྲུབ་ཚེ་རིང་།སུའུ་ཞའོ་ཅུན།ཀྲུའུ་ལིན་བཅས་ཚོགས་འདུར་ཞུགས།