ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ ཚོགས་ཐེངས་དགུ་བ་བསྡུས་པ།

ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གཏམ་བཤད་གནང་ཞིང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཚོགས་འདུར་ཞུགས།

《 海南报-藏文 》( 2024年09月25日 第 03 版 )

ཚོགས་རའི་ཡུལ་དངོས།

རང་ཚགས་པར་གྱི་འཕྲིན།ཟླ9བའི་ཚེས14ཉིན།ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ཤིང་།ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་ལས་འགན་ཁག་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་།ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་སེམས་ཟབ་མོ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དེ་སྙིང་སྟོབས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་རྩོམ་པའི་སྒུལ་ཤུགས་སུ་བཟུང་སྟེ།ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གུང་མཚོ་ལྷོ་ཁུལ་ཨུས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལེའུ་རྩོམ་པའི་སྐོར་གྱི་ཆོད་དོན་དང་ཀྲུང་གུང་མཚོ་ལྷོ་ཁུལ་ཨུས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན་དོན་འཁྱོལ་བྱེད་པའི་སྐོར་ལ་གྲོས་འཆམ་བྱུང་།

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གསུང་བཤད་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ཝང་ཁའེ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲུང་དབྱི།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་

ཚོགས་རའི་ཡུལ་དངོས།ཆན་གོ་ཆིན།ཁུལ་ཨུའི་རྒྱུན་ཨུ་ཀྲང་ཅི་ཙུང་།ལིའུ་ཡན།དགེ་འདུན་རྒྱལ།སུན་ཅུན་ཞཱ།ཉིའུ་ཏེ་ཧའེ།ཀྲང་ཏེ་ཞན་བཅས་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་དགོས་པའི་མི36ཡིན་པ་དང་དངོས་སུ་ཞུགས་པའི་མི29དང་།རྗེས་སྣོན་ཨུ་ཡོན2ཡོད་ལ།དངོས་སུ་ཞུགས་པའི་མི2ཡོད།མི་གྲངས་དེ་ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་གི་གཏན་འབེབས་དང་མཐུན།

ཚང་འཛོམས་གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་འཚོགས་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གསུམ་ལ་གནང་སྟེ་འཕེལ་རྒྱས་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པ་དང་།མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པས་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མདུན་བསྐྱོད་དང་སེམས་ཤུགས་བསྐྱེད་ཡོད།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་བཀའ་རྒྱ་དང་ལས་འགན་ཡི་གེབཟོ་སྐྲུན་གྱི་དཔེ་རིས་བཅས་ཡིན།ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར།བྱེད་ཐབས་སྣ་མང་ལ་བརྟེན་ནས་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་ཤེས་རྟོག་གསལ་བ་དང་ཡིད་རྟོན་ཆེན་པོའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ལོ་རྒྱུས་ཀྱི་བསམ་གཞིགས་ཁྲོད་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་།མཚོ་སྔོན་གྱི་མིག་སྔར་དང་ཡུན་རིང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན།ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་འགྲེལ་བཤད་གཏིང་ཟབ་བྱས་ཏེ།དུས་རབས་གསར་པའི་མཚོ་སྔོན་བྱ་བའི་སྤྱིའི་ཁ་ཕྱོགས་དང་སྤྱིའི་དམིགས་འབེན།སྤྱིའི་ལས་འགན་བཅས་སྔར་ལས་ཁ་གསལ་བཟོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་།མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་གྱི་ཐུགས་ཁུར་བྱས་ནས་མཐོ་སྒང་གི་བུ་དང་བུ་མོ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་གོང་བཀུར་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་བྱས་ཏེ་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་སྐད་ཆར་ཉན་པ།ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་སྔར་ལས་ལྷག་པར་སྐུལ་སློང་བྱས། འཐབ་ཇུས་ལ་བརྟེན་ནས་བསམ་གཞིགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ།མཚོ་ལྷའི་བྱ་བར་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཁ་ཕྱོགས་གཏན་འཁེལ་དང་ཕྱོགས་སྟོན་གནང་བའི་འབྲས་བུ་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོའི་མངག་བཅོལ་ཡིད་ལ་དམ་པར་འཛིན་པ་ནི་བྱ་གཞག་སྒྲུབ་པའི་བསམ་པའི་རྒྱུ་ནོར་དང་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒྱང་བསྐྱོད་ལམ་བུ་གསར་པའི་ཐོག་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་བཟང་པོ་ལེན་པ་དང་།རྩོད་སྒྲུབ་ཀྱི་བསམ་གཞིགས་ལ་བརྟེན་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་རྒྱུན་འཁྱོངས་བྱ་དགོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱ་དགོས།སྲུང་སྐྱོབ་དང་འཕེལ་རྒྱས་ཁྲོད་དུ་དཀའ་གནད་སེལ་བ་དང་།བསམ་བློའི་བཅིངས་འགྲོལ་ཆེན་པོར་བརྟེན་ནས་ངོས་འཛིན་གྱི་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་དགོས།(འཕྲོ་མ་པར་ངོས2པར་གཟིགས།)(པར་ངོས1པོར་མཐུད་པ།)བཅོས་སྒྱུར་གསར་གཏོད་ཀྱི་བསམ་གཞིགས་གསར་པར་བརྟེན་ནས།འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གསར་པ་ཐག་གཅོད་དང་བྱ་བ་དོན་འཁྱོལ་བྱེད་པའི་རྣམ་པ་གསར་པ་བཏོད་དེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དེ་བྱེ་བྲག་གི་ལག་ལེན་ཞིག་གི་ཁྲོད་དུ་བསྒྱུར་གང་ཐུབ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་རྒྱང་བསྐྱོད་ལམ་བུ་གསར་པའི་ཐོག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཞིང་ཆེན་གྱིས་སྔར་ལས་ལྷག་པར་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཅི་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཤིང་།དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ།འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ།མཚོ་སྔོན་གྱི་དོན་དངོས་མཚོན་པ།རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གསལ་སྟོན་བྱས་ཡོད།ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་བཅོས་སྒྱུར་ཀྱི་གནད་འགག་འཚོལ་བ་དང་བཅོས་སྒྱུར་གྱི་བྱེད་ཐབས་ཞིབ་ཕྲ་ཇུས་འགོད་བྱེད་པ།བཅོས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ཁ་གསལ་བཟོ་བ་བཅས་བྱ་དགོས།རྒྱལ་ཁབ་ཀྱི་འཐབ་ཇུས་ཁོང་དུ་ཆུད་པར་བྱ་དགོས།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི་ཆོད་དོན་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་དམིགས་ནས།བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བྱ་རྒྱུའི་སྤྱིའི་བཀོད་སྒྲིག་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཡོད་པ་དང་། རྒྱང་བསྐྱོད་ཀྱི་ལམ་བུ་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པར་བྱས་ཏེ།སྲིད་ཇུས་ཀྱི་གོ་སྐབས་དེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐབས་བླགས་སུ་བསྒྱུར་གང་ཐུབ་བྱ་དགོས།ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁོང་དུ་ཆུད་པར་བྱ་དགོས་ལ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས།བརྒྱུད་རིམ་ལྡན་པའི་བྱ་བ་བཀོད་སྒྲིག་གནང་བ་དེ་ནི་མཚོ་ལྷོས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུར་མཛུབ་ཁྲིད་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད།ངེས་པར་དུ་མཚོ་ལྷོ་ལས་བརྒལ་ཏེ་མཚོ་ལྷོར་ལྟ་བ་དང་ཞིང་ཆེན་ཡོངས་སུ་རྐང་བཙུགས་ནས་མཚོ་ལྷོར་ལྟ་དགོས་ཤིང་།རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་སྔོན་ཐོན་གནས་བབ་བརྩོན་ལེན་བྱེད་པའི་ཁྲོད་དགེ་མཚན་དང་རང་འགུལ།མ་འོངས་པ་བཅས་འཐོབ་པར་བྱ་དགོས།རང་ངོས་འཕེལ་རྒྱས་ཀྱི་ངེས་གནས་གསལ་བོ་ཤེས་དགོས། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་ནི་ཆེ་ཤོས་གསུམ་གཙོར་འཛིན་པའི་ཆབ་སྲིད་ཀྱི་རང་རྟོགས་ཤིག་ཡིན་པ་དང་།ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་པ་ནི་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་བདེ་སྐྱིད་ལྡན་པའི་མཚོ་ལྷོ་འཛུགས་སྐྲུན་བྱེད་པའི་རྩ་བའི་གནད་འགག་ཡིན་པས།དེ་གསུམ་ཕན་ཚུན་འབྲེལ་བ་ཡོད་ལ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱས་ནས།ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པར་མ་ཟད།ཕན་ཚུན་རམ་འདེགས་བྱེད་པ་དང་།བཀོད་པ་ཁྱོན་ཡོངས་དང་གཙོ་གནད་འབུར་དུ་ཐོན་ཡོད་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་བཅངས་པའི་རེ་བ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་མཐུན་ཞིང་།ཞིང་ཆེན་ཏང་ཨུས་མཚོ་ལྷོ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་དང་མཐུན་ལ།མཚོ་ལྷོ་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་དོན་དངོས་དང་མཐུན་པས།ངེས་པར་དུ་སེམས་ཤུགས་བསྐྱེད་དེ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ད་ལོའི་ཚུན་ལ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བྱ་བ་ཡོངས་ཀྱི་བརྗོད་བྱ་གཙོ་བོ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་བྱ་བའི་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་འཛུགས་སྐྲུན་ཐོན་ལས་ཀྱི་གནས་བཞིའི་བླང་བྱ་གལ་ཆེན་ལ་གཞིགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན།དམངས་ཚིས་འགན་སྲུང་དང་ལེགས་བཅོས།ཁྱོན་ཡོངས་ནས་ཏང་ནན་སྐྱོང་བཅས་བྱས་ཏེ།བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།དེང་སྐབས་མཚོ་ལྷོ་ནི་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པས་ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ།དོན་དངོས་དམ་འཛིན་བཅས་ཀྱི་སྒོ་ནས་འགག་རྩའི་བྱེད་ཐབས་ཡག་པོ་སྤྱད་དེ།དེང་རབས་ཅན་དུ་འགྱུར་བའི་མཚོ་ལྷོར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་འགྲོ་དགོས་ན།ངེས་པར་དུ་བསམ་བློ་བཅིངས་འགྲོལ་གཏོང་དགོས་པ་དང་།བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་དུ་ཏང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་ཁ་ཕྱོགས་དམ་པོར་བཟུང་ནས།མཚོ་ལྷོའི་ད་ལྟའི་དུས་རིམ་གྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་དམིགས་འབེན།ལས་འགན་ལ་གཞིགས་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གཙོ་གནད་ལས་འགན་ཇུས་འགོད་དང་དགེ་མཚན་གསར་པ་རྒྱུན་མཐུད་ངང་གསོ་སྐྱོང་།སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་གསར་གཏོད་བཅས་བྱས་ནས། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་བོ་ཐོན་པར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་དོན་དངོས་སུ་འགྱུར་བར་བྱ་དགོས།ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དཀའ་གནད་སེལ་དགོས།དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལས་འགན་ལ་གདོང་གཏོད་པ་དང་།ངེས་པར་དུ་སྲོལ་རྒྱུན་གྱི་བསམ་བློ་དང་དཀའ་ངལ་ལ་མི་སྐྲག་པར་འདུ་ཤེས་གསར་སྒྱུར་དང་གནད་དོན་ལ་ཡང་དག་གིས་ལྟ་བ།བཅོས་སྒྱུར་གྱི་བསམ་གཞིགས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་།བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་ཞན་ཆ་ཁ་གསབ་བྱེད་པ།བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་གསར་པ་ཡོང་བ་བཅས་བྱ་དགོས། ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་ཟབ་སྤེལ་བྱས་ནས་སྤྱོད་ཚུལ་ལེགས་སྒྱུར་བྱ་དགོས།སློབ་སྦྱོང་གི་ཁྱབས་ཁོངས་རྒྱ་ཆེར་གཏོང་བ། འབད་བརྩོན་གྱིས་གྲུབ་འབྲས་ཐོབ་པར་བྱེད་པ་བཅས་ཀྱི་བློ་སྤོབས་ལ་བརྟེན་ནས་བསམ་བློའི་འཁྱེར་སོ་ནན་སྐྱོང་བྱ་དགོས།བསམ་བློའི་ངོས་འཛིན་ལ་ཐོད་བརྒལ་གསར་པ་དང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱ་བ་དོན་འཁྱོལ་བྱ་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ད་ལྟ་མཚོ་ལྷོའི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་བོ་བསུས་ཤིང་།འགྱུར་མེད་གཏན་ཚིགས་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ནས་ཆོས་ཉིད་རང་བཞིན་གྱི་ཁྱད་ཆོས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆེན་གྱི་གནས་ཚུལ་དང་ཁུལ་གྱི་གནས་བབ་ལེགས་པ།འཕེལ་རྒྱས་ཀྱི་ཐབས་ལམ་བཅས་ལ་ངོས་འཛིན་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།འཛུགས་སྐྲུན་ཐོན་ལས་ཀྱི་གནས་བཞིའི་ཁྲོད་དུ་མཚོ་ལྷོས་ལོ་རྒྱུས་ཀྱི་གནས་བབ་དང་།སྐྱེ་ཁམས་ཀྱི་གནས་བབ།རིག་གནས་ཀྱི་མྱོང་ཚད།འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་ནས།ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ།ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དང་ཁྱོན་ཡོངས་ནས་མཐུན་པ།དུས་རབས་གསར་པ་དང་རྒྱང་བསྐྱོད་གསར་པར་བརྟེན་ནས་མདུན་དུ་བསྐྱོད་དགོས་པ་བསྟན།(འཕྲོ་མ་པར་ངོས3པར་གཟིགས།)

(པར་ངོས2པོར་མཐུད་པ།)ཚང་འཛོམས་གྲོས་ཚོགས་ལས་ལྗང་མདོག་གི་རྣམ་པར་བསྒྱུར་བ་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཀྱིས་ཁུལ་འཛུགས་པ་དང་།སྐྱེ་ཁམས་གཙོ་བོར་འཛིན་པ།རི་ཆུ་ནགས་གསུམ་དང་མཚོ་དང་མཚེའུ་བཅས་གཞི་གཅིག་ཅན་དུ་འགྱུར་བའི་སྲུང་སྐྱོང་དང་མ་ལག་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

མཚོ་ལྷོ་ཁུལ་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་སྒྲིག་བཟོ་དང་འཐུས་ཚང་དུ་གཏོང་བར་རོགས་འདེགས་བྱས་ཏེ།མཚོ་སྔོན་པོའི་ལྷོ་འགྲམ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་གནས་སྐོར་ཁྲོམ་རའི་བཅོས་སྐྱོང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།འོད་ནུས་སྐྱེ་ཁམས་དང་།འོད་ཤུགས་ཐོན་ལས་སོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་དག་ཐེར་བྱེད་པར་སྐུལ་འདེད་གཏོང་དགོས།སྐྱེ་ཁམས་བྱེད་ནུས་ཆེས་ཆེ་བའི་ཐོག་ནས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་།སྲོལ་རྒྱུན་གྱི་ཐོན་ལས་དང་དེང་རབས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་རྟེན་བྱས་ཏེ།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རམ་འདེགས་བྱེད་པ། ལྗང་མདོག་གློག་ལྡན་གཙང་གསུམ་གྱི་འབྱུང་ཁུངས་ལག་བསྟར་གཏིང་ཟབ་བྱས་ཏེ།ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མགྱོགས་མྱུར་གྱིས་ཕན་ཚུན་རོགས་འདེགས་བྱེད་པ། ཐུན་མོང་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་རྒྱུན་མཐུད་བྱས་ནས5Aརིམ་པ་ཡི་ཡུལ་སྐོར་ཁུལ་འཛུགས་པར་སྐུལ་འདེད་བཟང་བོ་བྱེད་དགོས།མཚོ་སྔོན་པོའི་ལྷོ་འགྲམ་གྱི་མཛེས་ལྗོངས་སྟེགས་བུ་ཚད་ལྡན་ཅན་གྱིས་དོ་དམ་དང་གནས་སྤོར་ལ་ཤུགས་སྣོན་བརྒྱབ་ནས་ལུག་དང་།ནོར་ནགཉ་དང་སྤུས་ལེགས་གཟན་རྩྭ་སོགས་ཁྱད་ལྡན་ཐོན་ལས་རྟེན་གཞི་བེད་སྤྱོད་ཡག་པོ་བྱས་ནས་ཅང་སུའུ་རོགས་སྐྱོར་སྲིད་ཇུས་བཟང་བོ་སྤྱད་དེ་སྔར་ལས་ཞིང་འབྲེལ་ལམ་སྲོལ་བཙུགས་ནས་གསུམ་གཉིས་གཅིག་གི་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།མཚོ་ལྷོའི་གནས་ཚུལ་དང་མཐུན་ཞིང་།ཁྱད་ཆོས་ལྡན་པའི་ལྗང་མདོག་ཐན་ཉུང་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་གྲོང་གསེབ་དར་སྤེལ་དང་དམངས་ཚིས་ལེགས་བཅོས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏང་དགོས།གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་མི་སྣ།རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་བྱས་ནས།དམངས་ཚིས་ལས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་དགོས།སྤུས་ཚད་མཐོ་བ་དང་རྒྱུན་མཐུད་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་།སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པར་བསྒྲུབ་པ།ཕྱོགས་ཡོངས་ནས་བདེ་ཐང་མཚོ་སྔོན་གྱི་བདེ་སྐྱིད་མཚོ་ལྷོ་བསྐྲུན་པར་སྐུལ་འདེད་གཏོང་བ།དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འགོག་གནོད་སེལ་གྱི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་།ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ལ་ཐོབ་སྣང་སྔར་ལས་མང་བ་དང་།བདེ་སྐྱིད་མྱོང་དུ་འཇུག་པ། བདེ་འཇགས་ཀྱི་འདུ་ཤེས་སྔར་ལས་འགན་ལེན་བྱས་ནས།ཁྲིམས་ལྟར་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས།ཕྱོགས་ཡོངས་ནས་ཁ་གཏད་རོགས་སྐྱོར་དང་།ཤར་ནུབ་རྒྱུད་ཀྱི་རོགས་སྐྱོར་རིམ་པ་ཇེ་མཐོར་གཏོང་བ།དུས་བདེ་མཚོ་ལྷོ་འཛུགས་སྐྲུན་དང་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོའི་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་།ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་དང་ལྷག་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་གི་བླང་བྱ་དྲུག་དོན་འཁྱོལ་བྱས་ཏེ། ཤང་དམ་འཛིན་དང་གྲོང་ཚོར་སྐུལ་འདེད་གཏོང་བའི་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔོན་འགོག་ནུས་ལྡན་དང་ཡོ་བསྲང་བྱེད་པའི་སྲིད་འབྲས་ཀྱི་ལྟ་བའི་ནོར་འཛོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྱོད་གཞི་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱེད་པ།རང་གིས་རང་ལ་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ།གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།དབང་ཆ་ཡོད་ན་འགན་འཁྲི་འཁུར་དགོས་པ་དང་དབང་ཆར་བརྟེན་ནས་ལྟ་སྐུལ་དང་ལེན་བྱེད་པ།དབང་སྐྱོན་འགན་འཁྲི་བདའ་འདེད་གཏོང་བ་བཅས་ལ་ངེས་པར་དུ་མཁོ་བའི་སྐུལ་སློང་ལམ་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས།རུལ་སུངས་བྱེད་མི་ཕོད་པ་དང་།སྐུལ་འདེད་གཏོང་མི་ཐུབ་པ།རུལ་སུངས་སུ་འགྱུར་མི་འདོད་པ་བཅས་གཏིང་ཟབ་ཏུ་གཏོང་དགོས་པ་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གནང་བའི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱར་རྟོག་ཞིབ་བྱེད་པར་དམིགས་ཏེ།སྤྱིའི་རྩ་འཛིན་དང་སྤྱིའི་བརྩི་སྲུང་།སྤྱིའི་ཁྲིད་སྟོན་བཅས་ཁོང་དུ་ཆུད་པ་དང་།ཡང་དག་པའི་ཁ་ཕྱོགས་བརྟན་པོར་འཛིན་པ།མགོ་ཁྲིད་ཀྱི་འགན་འཁྲི་འཁུར་བ། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ།ཁོར་ཡུག་བཟང་པོ་བསྐྲུན་པ།རྗེས་སྙེག་རྩད་གཅོད་བཅས་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་གསུང་བཤད་ཀྱི་དགོངས་དོན་མི་སེམས་སུ་ཟུག་པ་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་དང་།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་དང་ཕྱིར་ལན་སྤྲོད་པའི་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་བྱས་ཏེ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས། དགོན་སྡེའི་དོ་དམ་ལས་དོན་དང་དུས་བདེའི་མཚོ་ལྷོའི་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ།འབྲུབ་འགོག་གནོད་སེལ་གྱི་བྱ་བ་སོ་སོ་ཡག་པོར་བསྒྲུབས་ནས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།སྒྲིག་འགལ་བཟའ་བཏུང་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་དམ་འཛིན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ།ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ལས་བྱེད་པས་ལས་དོན་བསྒྲུབ་དགོས་པ།རིག་ལམ་གསལ་དགོས་པ།རང་གཅུན་ནན་དགོས་པའི་བླང་བྱ་བཏོན་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ།བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་གཏོད།དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ཁྱོན་ཡངས་པའི་གུང་ཧོའི་གཤོངས་ས་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་རྩོམ་པར་ཧུར་ཐག་སྒོས་འབོད་སྐུལ་བྱེད་དགོས་པ་བསྟན།

ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི།ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཁུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།རྫོང་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ།ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི།ཁུལ་ཨུའི་པུའུ་ཨུ་སོ་སོ།ཁུལ་ཐད་གཏོགས་སྡེ་ཁག་དང་ལས་ཁུངས་སོ་སོ།མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ།ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོ།ཁུལ་གཏོགས་སློབ་གྲྭ་དང་སྨན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ།རང་ཁུལ་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི།ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི།ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།།