- 放大
- 缩小
- 默认
ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པས་རང་ཁུལ་དུ་སྐོར་སྐྱོད་སྒྲོག་འགྲེལ་སྤེལ་བ།
《 海南报-藏文 》( 2024年09月25日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ9པའི་ཚེས13ཉིན་ནས་ཚེས14ཉིན་བར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོགལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་གཞི་རིམ་སྒྲོག་འགྲེལ་ཚོགས་པ་རང་ཁུལ་དུ་ཡོང་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་སྒྲོག་བྱས་པ་དང་།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ།མང་ཚོགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་ཁྲོད་བསམ་པའི་སྟོབས་ཤུགས་རླབས་ཆེན་ལ་ཚོར་ཤེས་བྱེད་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བར་སྐུལ་འདེད་བཏང་།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་།ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ལ།འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འོག་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་འཕེལ་ཕྱོགས།མཚོ་ལྷོའི་ནུས་པར་དམ་དུ་དམིགས་ཏེ།དཔལ་འབྱོར་དང་ཆབ་སྲིད།རིག་གནས།སྤྱི་ཚོགས་དཔལ་ཡོན་དང་ཏང་གི་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་བཏང་བ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་བུའི་སྟེང་བསྐྱོད་པའི་གོམ་སྟབས་ཇེ་བརྟན་དུ་བཏང་།
ཟླ9པའི་ཚེས13ཉིན་གྱི་ཞོགས་པར། སྒྲོག་འགྲེལ་ཚོགས་པ་ཆར་བའི་ཁྲོད་གུང་ཧོ་རྫོང་བདེ་སྐྱིད་ཐང་དགོན་པར་སོང་ནས་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་དཔེ་གཞི་དངོས་དང་གོ་བདེ་བའི་ལམ་ནས་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་ཡིད་འགུལ་ཐེབས་པའི་སྣང་ཚུལ་དང་དྲོད་ཁོལ་ལྡན་པའི་གསུང་བཤད་སྒྲོག་འགྲེལ་བྱས་པས།ཡུལ་དངོས་ཀྱི་མང་ཚོགས་ཚོས་དགའ་བསུ་ཆེན་པོ་དང་ཚུར་སྣང་ཆེན་པོ་ཐོབ།
མཚོ་ལྷོ་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཧའེ་ཧྲན་གྱིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོགལག་བསྟར་བྱེད་རྒྱུ་ནི།མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པས།མཚོ་ལྷོ་ཁུལ་གྱིས་མུ་མཐུད་དུ་འཕེལ་རྒྱས་ཡོད་ཚད་ཐད་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་དོན་སྙིང་བསྩལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་ནས།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་མཐུན་འཕྲོད་ཡོང་བར་སྣེ་ཁྲིད་བྱ་དགོས།
ཉིན་དེའི་ཕྱི་དྲོར།སྒྲོག་འགྲེལ་ཚོགས་པ་གུང་ཧོ་རྫོང་ལོ་དགུའི་ལུགས་ཀྱི་སློབ་གྲྭ་རུ་སྒྲོག་འགྲེལ་བྱེད་པར་སོང་།ཚང་མས་མཚོ་ལྷོའི་ཆེས་མཛེས་པའི་མཛེས་ལྗོངས་ནི་འཚར་ལོངས་འབྱུང་བཞིན་པའི་སློབ་གྲྭ་ཡིན་པ་དང་།ཆེས་མཛེས་པའི་ཉམས་འགྱུར་ནི་དགེ་སློབ་ཚོའི་གདོང་གི་ཤེས་བརྩོན་གྱི་འཛུམ་མདངས་དེ་ཡིན་ལ།ཆེས་གཅེས་སུ་རུང་བའི་མི་སྣ་ནི་བྱིས་པ་ཚང་མ་སློབ་ཞུགས་བྱེད་དུ་འཇུག་ཆེད་འབད་བརྩོན་བྱེད་བཞིན་པའི་སློབ་གསོ་བ་ཚོ་ཡིན།
སྣང་ཚུལ་དེ་མཐོང་རྗེས།སྒྲོག་འགྲེལ་ཚོགས་པའི་ཁོངས་མི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་ཞོ་ཧྥེ་ཞུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོ་མོ་ཡོད་སའི་སློབ་ཁང་དུ་ཕེབས་སྐབས་ཀྱི་སྣང་ཚུལ་ལ་ཕྱིར་དྲན་བྱས།དེའི་རྗེས་ཀྱི་སྒྲོག་འགྲེལ་ཁྲོད།ཞོ་ཧྥེ་ཞུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་བྱམས་བརྩེ་ལྡན་པའི་སྤོ་བོ་ཞིག་དང་འདྲ་བར།རང་ཉིད་ཀྱི་ཚ་བོ་ཚ་མོ་ལ་ཐུགས་ཁུར་བྱེད་པ་བཞིན་སློབ་མ་ཚོའི་སློབ་སྦྱོང་དང་འཚོ་བར་རྒྱུས་ལོན་གསལ་བོ་དང་ཐུགས་ཁུར་ཆེན་པོ་མཛད་ཟེར།(འཕྲོ་མ་པར་ངོས3པར་གཟིགས།)
(པར་ངོས2པོར་མཐུད་པ།)དམའ་འབྲིང་གི་རྒྱ་ཡིག་དགེ་རྒན་ལིས་ལེང་གིས་བཤད་རྒྱུར།སྒྲོག་འགྲེལ་ལ་ཉན་རྗེས།ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་དངོས་སུ་ཚོར་བྱུང་ལ།འགན་འཁྲི་དེ་ལས་ཀྱང་ལྕི་བའི་སྣང་བ་སྐྱེས་བྱུང་།གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས།ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སློབ་མའི་གོ་ཐུབ་པའི་སྐད་ཆའི་ལམ་ནས་བཤད་དེ།སློབ་མ་ཚོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ།མཚོ་སྔོན་དར་སྤེལ་གཏོང་བའི་ཁྲོད་ཞུགས་པར་སྐུལ་ཁྲིད་བྱ་དགོས།
ཟླ9པའི་ཚེས14ཉིན།སྒྲོག་འགྲེལ་ཚོགས་པ་མཚོ་ལྷོ་ཁུལ་གྱི་འོད་བསྡུ་གླིང་ཁུལ་དུ་སྒྲོག་འགྲེལ་བྱེད་པར་སོང་།སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྒྱལ་ཁབ་གློག་ཤུགས་རྨ་ཆུ་ཀུང་ཟི་ཟི་ལིང་ཡན་ལག་ཀུང་ཟིའི་བཟོ་རྩལ་བཟོ་སྐྲུན་པ་ཝེ་རུང་གིས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་།རེ་བ་སྟོང་ཟད་དུ་མི་གཏོང་བ་ཞེས་པ་ཁ་བྱང་དུ་བྱས་ནས།དོན་ཟབ་ཅིང་གོ་བདེ་བའི་སྒོ་ནས་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་སྒྲོག་འགྲེལ་བྱས་ཏེ།མང་ཚོགས་ཀྱིས་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་།
མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆོས་དབྱིངས་ཀྱིས་བཤད་རྒྱུར།ནུས་ཁུངས་གཙང་མའི་གོམ་སྟབས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དེས།མཚོ་ལྷོ་ཁུལ་གྱི་སྲོལ་རྒྱུན་ཞིང་ཕྱུགས་ལས་དེ་ནུས་ཁུངས་གཙང་མའི་མཚོན་བྱེད་ཡིན་པའི་ལྗང་མདོག་གསར་དར་ཐོན་ལས་སུ་ཚུལ་བསྒྱུར་བྱེད་པ་མངོན་འགྱུར་བྱས།
ཉིན་དེའི་ཕྱི་དྲོར།སྒྲོག་འགྲེལ་ཚོགས་པ་ཆབ་ཆ་གྲོང་རྡལ་མཁར་ཤར་སྡོད་ཁུལ་དུ་སྒྲོག་འགྲེལ་བྱེད་པར་སོང་།གྲལ་དག་པའི་སྲང་ལམ་དང་གོ་རིམ་ལྡན་པའི་ཁང་བ།ཆ་ཚང་བའི་རྨང་གཞི་སྒྲིག་ཆས།འཐུས་ཚང་བའི་ཞབས་ཞུ་བཅས་ཀྱིས་གཞིས་ཁུལ་གྱི་ག་ས་གང་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་ཁེངས་པར་བྱས་ཡོད།
ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་གནས་སྤོར་དབུལ་སྐྱོར་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ཀྱི་སྣང་ཚུལ་བཤད་པ་དང་།ཉེ་བའི་ལོ་འགའི་རིང་ལ། པན་ཡན་སྡེ་བས་མངགས་བཅོལ་སེམས་ལ་བརྟན་པོར་བཟུང་ནས།སྡེ་བ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱས་པ་དང་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་ཡིན་པའི་འབད་འཐབ་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས།
མཁར་ཤར་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡན་ཞིན་ཧྥེ་ཡིས་བཤད་རྒྱུར།གཞིས་ཁུལ་གྱི་བྱ་བའི་ཐད་ནས་གཞིས་ཁུལ་གྱི་ལས་བྱེད་མི་སྣའི་འཆར་འགོད་ཞིབ་མོ་དང་དོ་དམ་ཞིབ་ཕྲ་བཟོས་ཏེ།ཁྱིམ་མཚེས་བར་གྱི་འགལ་རྩོད་དང་དམངས་ཚིས་སྲིད་ཇུས་ཀྱི་དྲིལ་སྒྲོག་སྟེང་མངོན་པར་བྱས།གཞིས་ཁུལ་གྱི་སྒྲིག་ཆས་སྲུང་སྐྱོབ་བྱེད་པ་དང་། དམིགས་བསལ་མི་ཚོགས་ལ་གཟིགས་སྐྱོང་བྱེད་པའི་གང་རུང་ཐད་ཤུགས་བསྣན་ནས།གཞིས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་བཏང་བ་དང་།སྡོད་དམངས་ཀྱི་ཐོབ་སྣང་དང་བདེ་སྣང་།སྐྱིད་སྣང་རྒྱུན་མཐུད་ངང་ཇེ་མཐོར་བཏང་།
སྒྲོག་འགྲེལ་ཚོགས་པ་རང་ཁུལ་གྱི་གཞི་རིམ་དུ་སོང་ནས།ཇི་མ་ཇི་བཞིན་དུ་སྒྲོག་འགྲེལ་བྱེད་པར་དོ་སྣང་བྱས་པ་དང་།ཁ་སྐད་ལམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་གཞི་རིམ་དུ་བསྒྲགས།ཚང་མས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཐུགས་ཁུར་ལ་མྱོར་ཚོར་ཟབ་མོ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དང་ཏང་གི་གསར་གཏོད་གཞུང་ལུགས་གཉིས་ཟུང་འབྲེལ་བྱེད་པ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ།དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ།ཐུགས་ཁུར་དེ་བརྩེ་བ་རུ་བསྒྱུར་བ།མངགས་བཅོལ་ཟབ་མོ་དེ་མདུན་སྐྱོད་ཀྱི་བློ་རྩ་བརྟན་པོ་རུ་བསྒྱུར་ནས།མཚོ་ལྷོའི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ལ་དགའ་གུས་བྱེད་པ་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་བྱེད་པ།སེམས་གཏིང་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་འཚོར་བ།ཏང་གི་རྗེས་སུ་འབྲངས་པའི་སྟོབས་ཤུགས་ཆེར་སྐྱེད་རྒྱུ་ཡིན་ཟེར།།