རང་ཁུལ་གྱིས་བརྒྱད་གཅིག་དམག་འཛུགས་ཉིན་མོར་བཅའ་སྡོད་དམག་དཔུང་ལ་འཚམས་འདྲི་ཞུ་བའི་བྱ་འགུལ་སྤེལ་བ།

མཱ་ཅན་ཧུང་དང་སུང་ཅུན་ཞཱ།ཀྲའོ་ཀུའེ་ལེན་བཅས་ཀྱིས་ཕེབས་རོགས་བྱས་པ་དང་།ཚེ་རིང་དང་ཝང་ཀྲུང་དབྱི།ཧྥན་རུན་ཡོན།ཀུན་འགྲུབ་ཚེ་རིང་བཅས་ཁུལ་མེ་ཟོན་ཡན་ལག་རུ་ཁག་སོགས་སུ་འཚམས་འདྲིར་ཕྱིན་པ་རེད།

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས31ཉིན།རང་ཁུལ་གྱིས་བརྒྱད་གཅིག་དམག་འཛུགས་ཉིན་མོར་བཅའ་སྡོད་དམག་དཔུང་ལ་འཚམས་ཞུ་བའི་བྱ་འགུལ་སྤེལ་བ་དང་།ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་ལྷོ་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ལིས་ཀང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དྲག་ཆས་ཉེན་རྟོག་མཚོ་ལྷོ་ཁུལ་ཡན་ལག་རུ་ཁག་དང་མཚོ་ལྷོ་ཡན་ལག་དམག་ཁུལ་གྱི་དམངས་དམག་སྦྱོང་བརྡར་རྟེན་གཞིར་འཚམས་འདྲིར་བསྐྱོད་དེ་རྒྱ་ཆེའི་དཔོན་དམག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

འཚམས་འདྲིའི་སྐབས།ལིས་ཀང་གིས་བཅའ་སྡོད་དམག་དཔུང་གི་དཔོན་དམག་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་དང་སྦྱོང་བརྡར་དང་འཚོ་བའི་གནས་ཚུལ་བཅས་ལ་ཞིབ་འདྲི་བྱས།

ཁོས་དུས་ཡུན་རིང་པོའི་ནང་བཅའ་སྡོད་དམག་དཔུང་གི་དཔོན་དམག་གིས་མཐོ་སྒང་ལ་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་།བཅའ་སྡོད་ཀྱི་ཡུལ་དེ་རང་གི་ཕ་ཡུལ་དང་མང་ཚོགས་རང་གི་གཉེན་ཉེ་རུ་བརྩིས་ནས་མཚོ་ལྷོའི་འཕེལ་རྒྱས་དང་བཅོས་སྒྱུར་ཁྲོད་ཞུགས་ཏེ། ལས་འགན་གཙོ་བོ་དག་བརྟན་བརླིང་ཡོང་བ། དམག་དཔུང་དང་ས་གནས་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་གལ་ཆེན་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ལ་

པར་འདི་ནི་ཁུལ་ཨུའི་ཧྲུའུ་ལིས་ཀང་འཁོར་དང་བཅས་པས་མཚོ་ལྷོ་ཡན་ལག་དམག་ཁུལ་གྱི་དམངས་དམག་སྦྱོང་བརྡར་གཞི་སར་སོང་ནས་དམངས་དམག་གི་རྩལ་འཁྲིད་དགེ་རྒན་ལ་འཚམས་འདྲི་བྱེད་བཞིན་པའི་ཚུལ་རེད།

དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་ཡོད་ཅེས་བསྟན།

ཁོས་ད་ལོ་ནི་ཀྲུང་གོའི་མི་དམངས་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་པས།ལོ་རྒྱུས་ཀྱི་གནད་འགག་གི་དུས་འདིར། ས་གནས་དང་དམག་དཔུང་གིས་ཞི་ཅིན་ཕིང་གི་དམག་སྟོབས་ཆེར་གཏོང་བའི་བསམ་བློ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་སྣེ་ཁྲིད་དེ།དྲིན་ཚོར་བ་དང་བརྩེ་སེམས་ཡོད་པ།དངོས་སྒྲུབ་གཙོར་བཟུང་སྟེ།རང་སོ་སོའི་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ་བྱས་རྗེས་གསར་པ་ལེན་པར་འབད་པ་ལྷོད་མེད་བྱ་དགོས།དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དུ་དར་སྤེལ་གཏོང་བ་དང་།གཉིས་བཀུར་གྱི་བྱ་བའི་རྒྱུན་གཏིང་ཟབ་ཏུ་གཏོང་བ། དམག་དཔུང་དང་ས་གནས་བར་ཕན་ཚུན་དོན་དངོས་སྒྲུབ་པ་བཅས་ཀྱི་གསལ་ཐོ་གཉིས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།གནད་དོན་རིགས་ཐག་གཅོད་བཟང་པོ་བྱེད་པ་དང་།རྒྱལ་སྲུང་ལ་དོ་ཁུར་བྱེད་པ།དམག་དཔུང་ལ་དགའ་བ།དམག་མིར་གོང་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་དང་།དམག་སྲིད་དང་དམག་དམངས་བར་མཐུན་སྒྲིལ་གྱི་འབྲེལ་བ་བཟང་པོ་འཛུགས་པར་འབད་པ་དང་།བཅའ་སྡོད་དམག་དཔུང་གི་དཔོན་དམག་ཚོས་མཚོ་ལྷོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ།སྲུང་སྐྱོང་བརྟན་བརླིང་།འབྲུབ་འགོག་གནོད་སེལ་བཅས་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས་གནོད་འགོག་གི་འགག་རྩའི་དུས་སྐབས་དང་བསྟུན།སྤྱི་བདེ་དང་མེ་ཟོན།འཕྲལ་སྡོམ་སོགས་ཀྱི་འབྲུབ་འགོག་ཉེན་སེལ་གྱི་དངོས་འཐབ་ཅན་གྱི་དཔུང་སྡེ་རྩ་འཛུགས་བྱས་ནས་གནོད་འཚེའི་བྱུང་ཚེ་མྱུར་མགྱོགས་ཀྱིས་ཐག་གཅོད་བྱེད་པར་འགན་ལེན་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་བསྟན།